ཟི་ལིང་གྲོང་ཁྱེར་དུ་གནས་སྐབས་ཀྱི་སྤྱི་བའི་རླངས་འཁོར་འཇོག་ཁུལ441གི་གནས20619ལ་སླེབས་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ནང་ཁུལ་གྱི་གནས་སྐབས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ཁུལ་ལ“གཅིག་གྱུར་གྱི་འཆར་འགོད་དང་།  གཅིག་གྱུར་གྱི་འཛུགས་སྐྲུན།  གཅིག་གྱུར་གྱི་དོ་དམ།  གཅིག་གྱུར་གྱི་གླ་ཆ་བསྡུ་བ”བཅས་ཀྱི“གཅིག་གྱུར་བཞིའི”དམིགས་ཚད་མངོན་འགྱུར་བྱས་པའི་རྨང་གཞིའི་ཐོག  རླངས་འཁོར་འཇོག་སའི་དོ་དམ་གྱི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་བ་རེད།  ཟླ10བའི་ཚེས21ཉིན།  གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་གནས་སྐབས་ཀྱི་སྤྱི་པའི་རླངས་འཁོར་འཇོག་སའི་དོ་དམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔའི་བར་ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ནང་ཁུལ་དུ་སྲིད་གཞུང་གིས་གཅིག་གྱུར་གྱི་དོ་དམ་བྱེད་པའི་གནས་སྐབས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ཁུལ441གི་གནས20619ལ་འཕར་བ་དང་།  རླངས་འཁོར་འཇོག་ཁུལ་ཁག་ཅིག་ལས་གཞན།  གླ་ཆ་བསྡུ་བའི་གནས་སྐབས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ས་ཚང་མར་གློག་རྡུལ་གྲོན་དངུལ་བསྡུ་ཐབས་སྤྱོད་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔར་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་ནང་ཁུལ་དུ་སྲིད་གཞུང་གིས་གཅིག་གྱུར་གྱི་དོ་དམ་བྱེད་པའི་གནས་སྐབས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ས་དེ2018ལོའི་ཟླ6པའི་རླངས་འཁོར་འཇོག་ཁུལ167གྱི་གནས6071དང་བསྡུར་ན་སོ་སོར་263%དང341%འཕར་ཡོད་པ་རེད།  རིན་སྤྲོད་མི་དགོས་པའི་རླངས་འཁོར་འཇོག་ཁུལ100ཡི་གནས6761ལས་གཞན།  གྲོན་དངུལ་བསྡུ་བའི་གནས་སྐབས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ཁུལ་ཚང་མར་གློག་རྡུལ་གྲོན་དངུལ་བསྡུ་ཐབས་སྤྱོད་བཞིན་ཡོད་པ་དང་། རླངས་འཁོར་འཇོགས་ཁུལ15ཡི་གནས744ལ་རིག་ནུས་ཚོར་མེད་གཏོང་སྤྲོད་མངོན་འགྱུར་བྱུང་ཡོད།  རླངས་འཁོར་འཇོག་ཁུལ15ཡི་གནས773ལ་རིག་ནུས་རླངས་འཁོར་འཇོག་གནས་ཀྱི་བརྙན་ལམ་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།