ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་ཞིང་ཆེན་ཡོངས་སུ་བསྡོམས་རྩིས་བྱས་ན་ཁྲལ་བསྡུའི་འགྲོ་གྲོན་སྒོར་དུང་ཕྱུར60.84ཇེ་ཉུང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོ་ནས་8པའི་བར། ཞིང་ཆེན་ཡོངས་ཀྱི་ཁྲལ་བསྡུ་སྡེ་ཁག་གིས་ཁྲལ་བསྡུ་འགྲོ་གྲོན་སྒོར་དུང་ཕྱུར་60.84ཇེ་ཉུང་དུ་བཏང་བ་དང་། དེའི་ཁྲོད། 2019ལོར་བཏོན་པའི་ཁྲལ་བསྡུ་དམིགས་བསལ་སྲིད་ཇུས་ཀྱི་ཁྲལ་བསྡུ་འགྲོ་གྲོན་སྒོར་35.19ཇེ་ཉུང་དུ་བཏང་ཞིང་། 2020ལོར་བཏོན་པའི་ཁྲལ་བསྡུ་འགྲོ་གྲོན་ཇེ་ཉུང་དུ་གཏོང་བའི་འགྲོ་གྲོན་སྒོར་དུང་ཕྱུར25.65དོན་འཁྱོལ་བྱས།

རིམས་ནད་འགོག་བཅོས་ཚོད་འཛིན་དང་ལས་སྐྲུན་བསྐྱར་སྐྲུན་གྱི་གནད་འགག་གི་དུས་སྐབས་སུ། ཁྲལ་བསྡུ་འགྲོ་གྲོན་ཉུང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁེ་ལས་ལ་དུས་ཐོག་གི་རོགས་སྐྱོར་བྱས་ཤིང་། ཟླ8པའི་ཟླ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གཙོ་གནད་ཐོན་སྐྱེད་ཁེ་ལས་25ལ་གསར་བསྣོན་ཁྲལ་སྒོར་ཁྲི1539ཕྱིར་སྤྲད་ཅིང་། ཁེ་ལས8ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་སྒྲིག་ཆས་ཉོ་སྒྲུབ་ལ་ཁྲལ་རིགས་མ་བསྡུའི་སྔོན་གྱི་ཐེངས་གཅིག་རང་བཞིན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ཁྱོན་བསྡོམས་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི658མེད་པར་བཏང་ནས། ཁེ་ལས་ཀྱི་འཁོར་རྒྱུག་མ་དངུལ་དཀའ་བའི་གནད་དོན་སེལ་ནས། ཁེ་ལས་ཀྱི་ཐོན་སྐྱེད་ཇེ་ལེགས་སུ་འགྲོ་བར་རོགས་འདེགས་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།