ཙོང་ཁ་དགོན་པའི་གསར་རྙེད་རིག་དངོས་ཆེད་མཁས་དཔྱད་གླེང་ཚོགས་འདུ་ཟི་ལིང་ཙོང་ཁ་དགོན་དུ་འཚོགས།

 微信图片_20201018122407.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  (གསར་འགོད་པ་བསམ་འཕེལ་ནོར་བུ་དང་མཁའ་འགྲོ་ཚེ་བརྟན།)རིག་དངོས་ནི་འོད་སྟོང་འབར་བའི་ཤེས་དཔལ་བརྒྱུད་གཏོང་དང་། ལོ་རྒྱུས་རིག་གནས་རྒྱུན་འཛིན། མི་རིགས་ཀྱི་སྙིང་སྟོབས་གཅིག་ཏུ་བསྡུས་ཡོད་ལ། དེ་ནི་མེས་པོ་རྣམས་ཀྱིས་ང་ཚོར་བཞག་པའི་ཤུལ་བཞག་རྩ་ཆེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྒུལ་ནུས་ཀྱང་རེད།

ཟླ10བའི་ཚེས17ཉིན་གྱི་སྔ་དྲོ། ཕྱི་དར་བསྟན་པ་སྤེལ་གནས་ཙོང་ཁ་དགོན་པའི་ལྷ་ཁང་ཉམས་གསོ་བྱེད་པའི་སྐབས་སུ་གསར་དུ་རྙེད་པའི་རིག་དངོས་ཆེད་མཁས་དཔྱད་གླེང་ཚོགས་འདུ་ཟི་ལིང་ཙོང་ཁ་དགོན་དུ་འཚོགས། ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚན་ཧྲི་དང་མཚོ་སྔོན་ཞིང་ཆེན་ས་གནས་ལོ་རྒྱུས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཤེར་འཚོ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཁྲུན་ཆིན་ཡུན། མཚོ་སྔོན་ཞིང་ཆེན་ཚད་མ་རིག་པ་སློབ་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་བཅས་ཆེད་མཁས་པ་དགུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་དངོས་སྲུང་སྐྱོང་ཐད་ཀྱི་དགོངས་པ་དང་བསྟུན་ནས་ཙོང་ཁ་དགོན་དང་འབྲེལ་བའི་རིག་དངོས་སྲུང་སྐྱོང་གི་ཐད་ལ་རང་རང་གི་ལྟ་ཚུལ་བཏོན་པ་མ་ཟད། དེང་གི་སྲིད་ཇུས་དང་མཐུན་པའི་སྒོ་ནས་ཙོང་ཁ་དགོན་འདི་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་རྨང་གཞི་འདིང་རྒྱུ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཏུ་གཏོང་པར་གྲོས་གཞི་བཏོན། ཞིན་ཞི་ལན་རྒྱལ་སྤྱི་སྒྱུ་རྩལ་མཉམ་འབྲེལ་གྱི་ཀྲུའུ་ཞི་བསྟན་འཛིན་བཤད་སྒྲུབ་ཀྱིས་ཚོགས་འདུར་འགོ་འཛིན་བྱས། 

微信图片_20201018122506.jpg

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚན་ཧྲི་དང་མཚོ་སྔོན་ཞིང་ཆེན་ས་གནས་ལོ་རྒྱུས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཤེར་འཚོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

微信图片_20201018122548.jpg

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཁྲུན་ཆིན་ཡུན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

微信图片_20201018122620.jpg

 མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་གླིང་གཙོ་འོ་ཚོགས་ཆེན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

微信图片_20201018114803.jpg

ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

微信图片_20201018122655.jpg

མཚོ་སྔོན་ཞིང་ཆེན་ཚད་མ་རིག་པ་སློབ་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

微信图片_20201018114808.jpg

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཨི་ཁྲུང་རོང་གིས་གཏམ་བཤད་གནང་བཞིན་པ།

微信图片_20201018114812.jpg

བོད་ཀྱི་དམངས་སྲོལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཀརྨ་མཁའ་འབུམ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

微信图片_20201018114819.jpg

ཀྲུང་གོའི་ཐང་ག་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རེན་སངས་རྒྱས་འབུམ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

微信图片_20201018122736.jpg

 ཞིན་ཞི་ལན་རྒྱལ་སྤྱི་སྒྱུ་རྩལ་མཉམ་འབྲེལ་གྱི་ཀྲུའུ་ཞི་བསྟན་འཛིན་བཤད་སྒྲུབ་ཀྱིས་ཚོགས་འདུར་འགོ་འཛིན་བྱེད་བཞིན་པ། 

ཉེ་སྔོན། མཚོ་སྔོན་བརྩེ་ཆེན་ཙོང་ཁ་དགོན་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཉམས་གསོ་བྱེད་དུས་ལྷ་ཁང་གི་གདུང་མ་གཉིས་ཀྱི་སྟེང་དུ་རྒྱ་ཡིག་གིས་བྲིས་པའི་མིང་རྒྱལ་རབས་སྐབས་ཀྱི་རིག་རྫས་གལ་ཆེན་གྱི་ཁ་བྱང་མཐོང་། གདུང་མ་གཅིག་གི་སྟེང་དུ་ཡུང་ལིག་ཁྲི་ལོ་བཅུ་གཅིག་པ་དང་ཞོན་ཏི་ཁྲི་ལོ་གཉིས་པ་ཞེས་དང་། གཞན་གཅིག་གི་སྟེང་དུ་བན་ལི་ཁྲི་ལོ་ཉི་ཤུ་རྩ་བཞི་དང་། ཁང་ཞི་ཁྲི་ལོ་ཉེར་གཅིག ཆན་ལུང་ཁྲི་ལོ་བཞི་བཅུ་ཞེ་གཉིས་ཞེས་བྲིས་ཡོད་ལ། ནང་དོན་གྱི་ཆ་ནས་བལྟས་ན་མིང་རྒྱལ་རབས་སྐབས་སུ་གོང་མའི་ཕོ་བྲང་ནས་ཉུག་རུམ་པ་མངགས་ནས་ཞིག་གསོ་བྱས་ཤིང་རྟེན་དུ་གསེར་གྱི་ལྷ་སྐུ་ཞིག་ཀྱང་གནང་བའི་གནས་ཚུལ་སོགས་བཀོད་འདུག  འདི་ལས་མིང་རྒྱལ་རབས་སྐབས་ཙོང་ཁ་ས་ཁུལ་དུ་བོད་རྒྱུད་ནང་བསྟན་གྱི་དགོན་པ་སྟེ་ཙོང་ཁ་དགོན་པའི་གོ་གནས་ཅི་ཙམ་ཡིན་པ་ཤེས་ཐུབ་ལ། མིང་དང་ཆིང་རྒྱལ་རབས་སྐབས་བོད་རྒྱ་གཉིས་ཀྱིས་ཐེངས་མང་བོར་ཙོང་ཁ་དགོན་པ་ལ་ཉམས་གསོ་དང་རྒྱ་བསྐྱེད་བྱས་པ་མཚོན་པ་མ་ཟད།  མིང་ཆིང་རྒྱབས་རབས་ཀྱི་དུས་སུ་ཙོང་ཁ་ས་ཁུལ་དུ་བོད་རྒྱ་རིག་གནས་བརྗེ་རེས་དང་མཉམ་བསྲེས་ཀྱི་དཔང་རྟགས་ཤིག་ཏུ་གྱུར་འདུག

微信图片_20201018122806.jpg

ཚོགས་རའི་ཟུར་ཞིག

微信图片_20201018122859.jpg

ཆེད་མཁས་པས་ལྷ་ཁང་ཞིག་གསོ་སྐབས་རྙེད་པའི་རིག་དངོས་ཀྱི་པར་རིས་ལ་ལྟ་བཞིན་པ།

ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་ནི་བསྟན་པ་ཕྱི་དར་གྱི་མེས་པོ་བླ་ཆེན་པོ་དགོངས་པ་རབ་གསལ་མཆོག་གིས་སྤྱི་ལོ་དུས་རབས་བཅུ་བའི་དུས་སུ་ཐོག་མར་ཕྱག་འདེབས་མཛད་ཅིང་། ཙོང་ཁའི་རྒྱལ་པོས་མདོ་སྨད་དུ་དབང་བསྒྱུར་བའི་སྐབས་སུ། ཆོས་སྡེ་འདི་ཉིད་རྟེན་གཞིར་བྱས་ཏེ་ཙོང་ཁ་རྒྱལ་བོའི་ཕོ་བྲང་བཞེངས་ཤིང་ལྕགས་རི་མཐའ་ནས་བསྐོར་བས་ཡུལ་འདིའི་མི་རྣམས་ཀྱི་ངག་རྒྱུན་ལ་ཙོང་ཁ་དགོན་པ་མེད་པའི་སྔ་རོལ་ན། ཙོང་མཁར་ལྕགས་རིས་བསྐོར་བའི་བཤད་སྲོལ་མེད་ཅེས་གླེང་བཞིན་ཡོད། ཕྱིས་སུ་ཧོར་གོ་དན་དང་སེ་ཆེན་རྒྱལ་པོས་ས་སྐྱ་པཎ་ཆེན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་སྤྱན་འདྲེན་སྐབས་གནས་འདིར་ཞབས་སོར་འཁོད་དེ་ཆོས་སྲིད་ཀྱི་བྱ་བཞག་རླབས་ཆེན་བསྒྲུབས་གནང་མཛད།

     ཕྱིས་སུ་སུ་གོང་མ་ཆན་ལུང་གིས༧ པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་རྒྱ་ནག་ཏུ་གདན་དྲངས་དུས་མཚོ་སྔོན་དུ་ཟླ་ལྔ་ལྷག་རིང་བཞུགས། སྐབས་དེ་ནས་བཟུང་དགོན་འདི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་གྱུར། ཉིད་ཀྱི་ཐུགས་སྲས་ཀུན་མཁྱེན་འཇིགས་མེད་དབང་བོ་དགོན་འདིའི་མཁན་པོར་མངའ་གསོལ་ཏེ་བདག་སྐྱོང་ལེགས་པར་མཛད་ཅིང་། བོད་སོག་གི་བླ་དཔོན་ཆེ་གྲས་རྣམས་ཟི་ལིང་དུ་ཕེབས་སྐབས་གནས་སྡོད་དང་གཞུང་དོན་སྒྲུབ་སའི་ལྟེ་གནས་ཤིག་ཏུ་གྱུར་བ་དང་། པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་ཀྱང་དགོན་འདིར་བཞུགས་ཏེ་ཆོས་སྲིད་ཀྱི་བྱ་བ་མང་པོ་མཛད་པ་མ་ཟད། གོ་མིན་ཏང་སྲིད་གཞུང་གིས་གདན་དྲངས་པ་ལྟར། དགོན་པ་འདི་ཉིད་ནས་སྔ་གཞུག་ཏུ་ལན་ཀྲིག་དང་ཞི་ཨན། རི་བོ་རྩེ་ལྔ་དང་ནང་སོག པེ་ཅིན། ནན་ཅིན་སོགས་སུ་ཆིབས་ཁ་བསྒྱུར་ཏེ་ས་གནས་འདེ་གའི་དད་ལྡན་མང་ཚོགས་ཀུན་ལ་ཆོས་ཀྱི་བདུད་རྩི་ཕངས་མེད་དུ་བསྩལ་ནས་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས།

1951ལོའི་ཟླ12པའི་ཚེས15ཉིན། ནུབ་བྱང་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་གཞོན་པ། ད་ལྟའི་གཙོ་འཛིན་ཞི་ཅིན་ཕིན་གྱི་ཡབ་ཞི་ཀྲུང་ཞོན་ལགས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་མའོ་ཙེ་ཏུང་། ཙུང་ལི་ཀྲོའུ་ཨེན་ལེ་བཅས་ཀྱི་ཚབ་མཛད་དེ་ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་ཕེབས་ནས་དགོན་འདིར་བཞུགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་བོད་སྐྱོད་ཐད་ཀྱི་བྱ་གཞག་མང་པོ་ཞིག་ལ་བཀའ་བགྲོས་མཛད་ཅིང་། དབུས་གཙང་དུ་ཆིབས་བསྒྱུར་གནང་རྒྱུར་སྐྱེལ་མ་མཛད།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་བླ་བྲང་དགོན་པས་དགོན་སྡེ་འདི་ཉིད་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ལ་གཏད་ཅིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་བདམས། སྤྱི་ལོ2004ལོའི་དབྱར་ཟླ་6པའི་ཚེས4ཉིན་རྟེན་བརྟེན་པ་བཅས་པའི་བསྐྱར་བཞེངས་ཀྱི་མགོ་ཚུགས་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་དཔེར་མེད་སྦྱར་བ་ལ་བརྟེན་ནས། 2014ལོའི་ཟླ6པར་རྟེན་དང་བརྟེན་པ་མ་ལུས་ཡོངས་སུ་ལེགས་གྲུབ་བྱུང་སྟེ་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ།

2018ལོའི་ཟླ2པར་དགོན་འདི་ཉིད་ལ་བོད་རྒྱ་ཆོས་ལུགས་རིག་གནས་མཉམ་བསྲེས་ཀྱི་ལོ་རྒྱུ་ཆེས་རིང་བའི་དགོན་པ་ཞེས་འཛམ་གླིང་གི་ཅི་ཉི་སི་ཟིན་ཐོ་བསྐྲུན་པའི་མཚན་སྙན་ཐོབ་པ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།