མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཞིབ་ལས་དོན་སྐུལ་སློང་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་སོགས་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་མཛད།

ཚོགས་ཐོག་ནས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པའི་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཞིབ་ལས་དོན་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པའི་ལས་དོན་གྱི་བླང་བྱ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་སྐོར་ཞིབ་ལས་ཀར་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། རྩ་འཛུགས་ལ་འགན་འཁུར་བ་དང་། བྱ་གཞག་ལ་འགན་འཁུར་བ། བློ་མཐུན་ལ་འགན་འཁུར་བ། རང་ཉིད་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་བཟུང་ནས་རང་འགུལ་ངང་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་དགོས་ལ། གནད་དོན་བཅོས་སྐྱོང་ནན་ཏན་བྱས་ཏེ་སྐོར་ཞིབ་སྒུལ་ཤུགས་སུ་བྱེད་པ་དང་མཚོ་སྔོན་གྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག《ཀྲུང་གུང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་གསལ་ཐོར》གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་གཞིའི་འགན་འཁྲི་ཁོང་དུ་གཏིང་ཟབ་ཆུད་པར་བྱ་རྒྱུ་ནི། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་དང་། ཞིབ་ཕྲའི་འོས་བབས་འགན་འཁྲི། སྤྱི་ཡོངས་ལ་ཁྱབ་པའི་ཕྱོགས་ཡོངས་ཀྱི་འགན་འཁྲི་བཅས་ཡིན་པ་དང་། འགན་འཁྲིའི་གསལ་ཐོ་དང་བསྟུན་པ། དོན་འཁྱོལ་དམ་འཛིན་གྱི་ཞིབ་ཕྲའི་བྱ་ཐབས་བཟོས་ནས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་རང་འགན་གཙང་སྒྲུབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་དོན་འཁྱོལ་ཡག་པོ་བྱེད་པ། འགན་འཁུར་བ་དང་། འགན་འཁྲི་འཛིན་པ། འགན་འཁྲི་འཁུར་ཤ་སྟག་བྱེད་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱ་རྒྱུ་དེ་ཞིབ་ཕྲའི་ལས་གནས་ཐོག་དང་དོན་དངོས་ལས་དོན་ཁྲོད་མངོན་པར་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ་ནན་གྱིས་བསྟན་དོན། འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དམ་འཛིན་བྱེད་པའི་གནད་འགག་དང་ཤུགས་རྒྱག་ས་འཚོལ་དགོས་ལ། འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ཐད་ཀྱི་མི་འདང་བ་དང་ཁྱད་པར། ཆད་ལྷག་ཞན་ཆ་ཞིབ་བཤེར་གཏིང་ཟབ་བྱས་ཏེ། གནད་དོན་བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་རང་འགན་གཙང་སྒྲུབ་ཀྱིས་ཕན་འབྲས་དངོས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སྲིད་གཞུང་ཏང་ཙུའུ་ཡི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲི་ཏན་ཏིག་གིས་འཁུར་དགོས་ཞེས་བསྟན། 

ཚོགས་ཐོག་ནས་ཟླ་བཅུ་པའི་ཚེས་དགུ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། སྲིད་ཇུས་དོན་འཁྱོལ་ལ་རྗེས་སྙེག་པ། ཚོང་རའི་གྲུབ་ཆ་གཙོ་བོར་འགན་སྲུང་བྱེད་པ། ལས་ཞུགས་ལས་གནས་བརྟན་པོར་ཡོང་བའི་འབྲེལ་ཡོད་ལས་དོན་སྔར་ལས་ལེགས་པོར་སྒྲུབ་པ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། དམག་གྲལ་ནས་བུད་པའི་དམག་མི། དབང་པོ་སྐྱོན་ཅན་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དམིགས་སུ་འཛིན་པ། ལྷག་པར་དུ་སློབ་གྲྭ་ནས་ཁ་བྲལ་ཡང་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མར“རྒྱུན་ཆད་མེད་པའི”ཞབས་ཞུ་མཁོ་འདོན་བྱེད་དགོས། 《ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་གོང་སྤེལ་འཆར་འགོད》སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོན་ལས་ཀྱི་བཀོད་པ་དང་། འགག་རྩའི་ལག་རྩལ་གྱི་འགག་གནད་སྒྲོལ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་ནས་སྔོན་ལ་ཇུས་འགོད་བྱས་ཏེ་སྲིད་ཇུས་ཀྱི་གོ་སྐབས་དེ་འཕེལ་རྒྱས་ཀྱི་གོ་སྐབས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཝང་ལི་མིང་དང་། ཝང་ཀྲིན་ཧྲེང་། ལིག་ཐའོ། དབྱང་ཀྲི་ཝུན། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཕེབས་ཡོད་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཟུར་ཞུགས་གནང་། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།