རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རི་སྐྱེས་སྲོག་ཆགས་ཀྱི་གཞི་གྲངས་མཛོད་ཐོག་མར་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་སྔོན་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སའོ་ཡི་འགན་འཁུར་བས“རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་མཐིལ་རྟོགས་བརྟག་དཔྱད”ཀྱི་རྣམ་གྲངས་ལ་གྲུབ་འབྲས་ཐོབ་པར་གདེང་འཇོག་བྱས་པ་རེད།

1602726621244240.jpg

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མཚོ་བོད་ས་མཐོའི་དབུས་ཁུལ་དུ་གནས་ལ། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས“མཐོ་གྲང་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཀྱི་མཛོད”ཅེས་བརྗོད་ཀྱིན་ཡོད།

ཐེངས་འདིའི་བརྟག་དཔྱད་ནང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་རྒྱུན་མཐུད་ངང་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐམ་སའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་ཀྱི་མིང་ཐོ་ཐོག་མར་གྲུབ་ཡོད་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ཀྱི་གཞི་གྲངས་མཛོད་བཙུགས་ཤིང་། གཙོད་དང་རྐྱང་། དགོ་བ། བྱ་རྒོད། ཁྲུང་ཁྲུང་སྐེ་ནག་སོགས་གཙོ་ཆེའི་རི་དྭགས་ཁྱབ་སྟངས་ཀྱི་དཔེ་རིས་བྲིས་ཡོད། འཚོ་གནས་འཚམ་མཐུན་རང་བཞིན་གྱི་སྟོན་གྲངས་དཔེ་དབྱིབས་སྤྱད་དེ་གསའ་དང་། གཙོད། རྐྱང་སོགས་སྲོག་ཆགས་གཙོ་བོ་རིགས10ཡི་འཚོ་གནས་འཚམ་མཐུན་རང་བཞིན་ལ་དཔྱད་དཔོག་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མི་དང་གཅན་གཟན་གདོང་ཐུག་གི་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཇུས་གཞི་ཆགས་ཡོད་པ་རེད། ཞིབ་འཇུག་ལས་དོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རིགས་ཁག་གི་ཆེད་དོན་འཆར་འགོད་བཟོ་བ་དང་དེ་བཞིན་མཐའ་མཚམས་ཁྱབ་ཁོངས་དང་ནུས་རྒྱུའི་ཁུལ་ལེགས་སྒྲིག་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

ཚོགས་ཞུགས་ཆེད་མཁས་པས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁྱབ་ཁོངས་སུ་དུས་ཡུན་ལོ5ལ་མུ་མཐུད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། དབང་གྲགས་མ་ལག་གི་ཚན་རིག་གཞི་གྲངས་དང་བརྟག་དཔྱད་སྙན་ཞུ། ཚན་རྩལ་དཔྱད་གཞི། དཔེ་རིས་ཕྱོགས་བསྒྲིགས་རི་མོ་སོགས་རྨང་གཞིའི་རང་བཞིན་གྱི་གྲུབ་འབྲས་ཐོན་ཡོད་པ་མ་ཟད། སྒོ་འབྱེད་མཉམ་སྤྱོད་མངོན་འགྱུར་ཡོང་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འཐབ་ཇུས་དང་སྲོག་ཆགས་སྣ་མང་རང་བཞིན་སྲུང་སྐྱོང་ཞིབ་འཇུག་ལས་དོན་གྱི་རིག་ཚན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གསར་གཏོད་བྱེད་སྒོ་དང་རྒྱལ་ཁབ་ཀྱི་སྤྱི་ཁོག་ཐབས་ཇུས་ལ་སྔར་བས་འདེགས་སྐྱོར་བྱས་ཡོད་པར་ངོས་འཛིན་གནང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།