ཞིང་ཆེན་དང་པུའུ་ཡིས་ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་མཉམ་བསྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས13ཉིན། ཞིང་ཆེན་དང་པུའུ་ཡིས་ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་མཉམ་བསྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། ཚོགས་ཐོག་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དུས་རབས་ཀྱི་ཁྱད་ཆོས་དང་། ས་མཐོའི་ཁྱད་ཆོས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མཁར་གྲོང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་གིས་བཏོད་དེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཚོ་སྔོན་གྱིས་ལེགས་སྐྱེས་འབུལ་དགོས་ཞེས་བསྟན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཝང་མོང་ཧུའེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

ཝང་མོང་ཧུའེ་ཡིས་བསྟན་དོན། ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་གྲོས་མཐུན་ལ་མིང་རྟགས་བཀོད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཕན་འབྲས་ལྡན་པའི་ལས་དོན་མང་པོ་བསྒྲུབས། ལྷག་པར་དུ་རྒྱལ་ཡོངས་ཀྱི་སྔོན་དུ《ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》བཟོས་ནས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཞེས་བསྟན།

ཝང་ཅན་ཅུན་གྱིས་བསྟན་དོན། ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། འཁོར་རྒྱུག་ཆེན་པོར་གཞི་ཚུགས་ནས་འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་བ། “གསར་པ་གཉིས་དང་གཙོ་གནད་གཅིག”གི་འཛུགས་སྐྲུན་དོན་འཁྱོལ་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། མི་ཞེས་པའི་སྲོག་ཤིང་འདི་དམ་འཛིན་བྱེད་དགོས། མཛེས་སྡུག་ལྡན་པའི་མཁར་གྲོང་བསྐྲུན་པར་མི་གཞི་རྩར་འཛིན་དགོས་ཤིང་། མིའི་མཁར་གྲོང་ཅན་ནི་ཐོག་མའི་དམིགས་ས་ཡིན་ལ་དོན་ལ་འབབ་ས་ཡང་ཡིན་པ་དང་། མིའི་དགོས་མཁོ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་སྲོག་ཤིང་དུ་གྱུར་པའི་མཁར་གྲོང་ཅན་ནི་སྤུས་ཚད་དང་ནང་དོན་ཆེ་ཤོས་ལྡན་པའི་མཁར་གྲོང་ཅན་ཡིན། གཞི་རྩའི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་འདི་གཉིས་དམ་འཛིན་ཡག་པོ་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུ་བལྟོས་བཅས་ཀྱིས་བརྟན་པོ་ཡོང་བར་འགན་སྲུང་ཐུབ་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མཐུད་ངང་ལེགས་བཅོས་ཐུབ་པར་བྱེད་པ། མཁར་གྲོང་གི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཞིང་ཆེན་དང་པུའུ་ཡིས་ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་མཉམ་བསྐྲུན་མགོ་བརྩམས་པ་ནས་བཟུང་། རྩ་འཛུགས་ཀྱི་མགོ་ཁྲིད་དང་། སྲིད་ཇུས་ཀྱི་འདེགས་སྐྱོར། ལག་རྩལ་འཇོན་མི། ལས་གཞིའི་མ་དངུལ་སོགས་ཀྱི་ཐད་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཁོང་གིས་གསུང་དོན། ཞིང་ཆེན་དང་པུའུ་ཡིས་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་དེ་དོན་དངོས་རང་བཞིན་གྱི་འཛུགས་སྐྲུན་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཁར་གྲོང་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་ཆ་ནས་བརྩི་སྲུང་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་དགོས་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། རྒྱལ་ཡོངས་ཀྱི་ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ལ་མཚོ་སྔོན་གྱི་མ་དཔེ་མཁོ་འདོན་བྱས་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་སྔོན་གྱི་བྱས་རྗེས་མངོན་པར་བྱེད་དགོས་ཞེས་གསུངས།

ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་། ཁུལ། རྫོང་(གྲོང་ཁྱེར། ས་ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང་།)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཞའོ་དང་། ཡུས་ཚུང་ལེ། ཉི་མ་སྒྲོལ་མ། ཝང་ཞོན། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་པུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་དབྱང་པའོ་ཅུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་ཡོད།

ཚོགས་འདུའི་ཐོག་ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དྲིལ་སྒྲོག་པར་གཞི་བསྟན་པ་དང་། ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་། ཀྲུང་གོ་འཛུགས་སྐྲུན་ཚན་རྩལ་ཚོགས་པ། ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་།

ཚོགས་འདུ་གྲོལ་རྗེས། ཝང་མོང་ཧུའེ་དང་ཞིན་ཁྲང་ཞིང་གཉིས་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲུའོ་པེ་བོད་རིགས་ཞང་དུང་དཀར་ཁོག་སྡེ་བར་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་དང་། གྲོང་གསེབ་ཀྱི་སྡོད་གནས་ཁོར་ཡུག་བཅོས་སྐྱོང་། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་མཛད་ཅིང་། ཝང་ཞའོ་ཡང་ཞུགས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།