མཚོ་སྔོན་གྱིས་རྒྱལ་ཁབ་གནོད་འགོག་ཨུ་ཡོན་ལྷན་ཁང་གི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ལན་སློག་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས11ཉིན་ནས་བཟུང་། རྒྱལ་ཁབ་གནོད་འགོག་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེའི་འགོག་བཅོས་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད། ཚེས13ཉིན་ལན་སློག་ཚོགས་འདུ་བསྡུས། རྒྱལ་ཁབ་གནོད་འགོག་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཀྲིན་ཀའོ་ཀོང་ཚོགས་འདུར་ཞུགས་པ་མ་ཟད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་ལན་སློག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་གནོད་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཅའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། རང་བྱུང་གནོད་འཚེའི་འགོག་བཅོས་བྱ་བའི་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣོན་དང་། སྒོས་སུ་སྣེ་ཁྲིད་སྡེ་ཁག་གི་བྱེད་ནུས་འདོན་སྤེལ་བྱེད་པ་དང་།རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་གཙོ་གནད་བཟོ་སྐྲུན་ལ་སྐུལ་འདེད་བྱེད་པའི་ཁྱད་པར་ཇེ་ཆུང་དུ་བཏང་ནས། དུས་ཐོག་ཏུ་སྡེ་ཁག་སོ་སོས་འགན་ཁུར་དོན་འཁྱོལ་ལ་སྐུལ་སྤེལ་བྱེད་དགོས། རང་བྱུང་གནོད་འཚེའི་འགོག་བཅོས་ཀྱི་རྙོག་འཛིང་རང་བཞིན་དང་དུས་ཡུན་རིང་བཞིན། མ་ལག་རང་བཞིན་བཅས་ལ་ངེས་ཤེས་ཡོད་པར་བྱས་ཏེ། སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣོན་དགོས་ཞེས་བསྟན། 

ལིས་ཅའེ་ཞང་གིས་བསྟན་དོན། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ལན་སློག་བྱས་པའི་བསམ་འཆར་དང་གནད་དོན་གྱིས་ང་ཚོར་ཁ་ཕྱོགས་ཤིག་དང་སྒུལ་ཤུགས་ཤིག་མཁོ་འདོན་བྱས་ཤིང་། ང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། འགན་འཁྲི་ཤུགས་དྲག་ཏུ་བཏང་ནས། རང་བྱུང་གནོད་འཚེའི་འགོག་བཅོས་བཟོ་སྐྲུན་འཛུགས་སྐྲུན་དམ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།