རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས11ཉིན། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོའམ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཀྲེན་གོ་ཀོང་བཅས་མི9ཡིས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་སྙན་ཞུའི་ཚོགས་འདུ་འཚོགས། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་ལིས་ཅེ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་གསན། ཀྲེན་གོ་ཀོང་གིས་ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་ལས་འགན་དང་དམིགས་ཡུལ་ངོ་སྤྲོད་བྱས། ཐེངས་འདིར་གཙོ་གནད་ཐོག་ཞིང་ཆེན་རིམ་པའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན། ལྷག་པར་དུ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིན། ཞིང་ཆེན་གནམ་གཤིས་ཅུའུ་སོགས་གཙོ་གནད་སྡེ་ཁག་གིས་གནོད་འགོག་གནོད་སེལ་གྱི་འགན་འཁྲི་དོན་འཁྱོལ་དང་གཙོ་གནད་ལས་གྲྭ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད། 

ལིས་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས“འདུ་ཤེས་བཞི”མཐོར་འདེགས་དང་“གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས་སློབ་སྦྱོང་ལག་བསྟར་ལས་དོན་དེ་རྒྱ་ཆེ་ཕྱོགས་དང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།