མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩོམ་ཡིག་རབ་དང་རིམ་པ་སྤེལ་བའི་བགྲོ་གླེང་བྱེད་སྒོ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཟླ9བའི་ཚེས27ཉིན་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་ལས་ཁུངས་དག་གི་སྤེལ་བའི《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་དྲན་གསོ་ཞུ་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་སྟེ།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས》ཞེས་པའི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་བརྩམས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།   རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྤེལ་དོན་ནི་ཞིང་ཆེན་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན།  དྲ་རྒྱའི་ལྟ་ཉན་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྔར་ལས་སྐུལ་འདེད་བཏང་ནས།  ཞིང་ཆེན་ཡོངས་ཀྱི་རླུང་བརྙན་འཕྲིན་དང་དྲ་རྒྱའི་སྟེང་ལྟ་ཉན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་།  མི་དམངས་ཀུན་ཁྱབ་རླུང་འཕྲིན་བཙུགས་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་རྣམ་པ་བཟང་པོ་བསྐྲུན་དགོས་པ་དེ་ཡིན།  རྩོམ་ཡིག་བསྡུ་བའི་སྐབས་རྩོམ་ཡིག་གི་ནང་དོན་བརྗོད་བྱ་གཙོ་བོར་འཛིན་དགོས་པ་དང་མཚོ་སྔོན་ཞིང་ཆེན་གྱི་རླུང་འཕྲིན་དང་བརྙན་འཕྲིན།  དྲ་རྒྱའི་ལྟ་ཉན་ལས་དོན་བསྒྱུར་བཅོས་གསར་གཏོད་གོང་སྤེལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱེད་པ་དང་།  རིགས་པའི་གཞུང་ལུགས་ཐད་གསར་གཏོད་རང་བཞིན་ལྡན་པ་དང་ལས་དོན་དངོས་ལ་མཛུབ་ཁྲིད་ཀྱི་ནུས་པ་ངེས་ཅན་ལྡན་པ་རེད།  རྩོམ་ཡིག་བསྡུ་བའི་བྱ་འགུལ་གྱི་དུས་ཚོད་ནི2021ལོའི་ཟླ5བའི་ཚེས15ཉིན་བར་ཡིན་ལ།  བྱེད་སྒོ་སྤེལ་བའི་སྐབས་སུ《ཁུ་ནུ་སྒྲ་ཤེལ》ཞེས་པའི་ཆེད་སྒྲིག་ལེ་ཚན་བཙུགས་ནས་ཕུལ་བྱུང་རྩོམ་ཡིག་འགོད་རྒྱུ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།