མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་མ་ལག་གིས་ལས་གནས་དམག་སྦྱོང་དང་དྲག་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་མི་དམངས་མཁའ་ཟོན་གཞུང་དོན་ཁང་གིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་ཁོངས་གཏོགས་ཀྱི་སྐབས་བསྟུན་བཀོད་འདོམས་སའོ་ཡི་ས་ཁོངས་བརྒལ་བའི་མཉམ་འབྲེལ་སྦྱོང་བརྡར་དང་ལས་གནས་ཀྱི་དམག་སྦྱོང་དྲག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད། ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་ཁོངས་གཏོགས་ཀྱི་བཀོད་འདོམས་འཕྲིན་གཏོང་མི་སྣ60ལྷག་ཙམ་དང་སྐབས་བསྟུན་བཀོད་འདོམས་ཁང5བཅས་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་ས་ཁོངས་བརྒལ་བའི་མཉམ་འབྲེལ་སྦྱོང་བརྡར་དང་དྲག་རྩལ་འགྲན་བསྡུར་ནང་ཞུགས་པ་འདི་ནི། རྒྱལ་ཁབ་མི་དམངས་མཁའ་ཟོན་གཞུང་ལས་ཁང་གི《མི་དམངས་མཁའ་ཟོན་སྦྱོང་བརྡར་དང་དཔྱད་ཞིབ་གཏན་འབེབས》ཀྱི་འབྲེལ་ཡོད་བླང་བྱ་ལྟར་《མི་དམངས་མཁའ་ཟོན་སྦྱོང་བརྡར་དང་དཔྱད་ཞིབ་རྩ་འཛིན》གཞིར་བཟུང་། 2018ལོའི་ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་སྦྱོང་བརྡར་གྱི་འགྲན་བསྡུར་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་དྲག་རྩལ་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོ་ཇེ་ལེགས་སུ་བཏང་ཡོད་པ་རེད། དྲག་རྩལ་འགྲན་བསྡུར་མ་བྱས་གོང་། 《མཚོ་སྔོན་ཞིང་ཆེན་མི་དམངས་མཁའ་ཟོན་ལས་གནས་ཀྱི་དམག་སྦྱོང་རིགས་པའི་གཞུང་ལུགས་ཀྱི་རྒྱུགས་གཞི་དང་དཔྱད་གཞིའི་དྲིས་ལན》པར་འགྲེམས་བྱས་པ་དང་། བཀོད་འདོམས་ཆ་འཕྲིན་འགན་ལེན་ལྟེ་གནས་ཀྱིས་སྐབས་བསྟུན་བཀོད་འདོམས་སའོ་བཙུགས་པ་དང་ཕྱིར་འཐེན་བྱས་པ། སྲུང་སྐར་འཕྲིན་གཏོང་། ཆིག་དམག་གི་པར་རིས་བརྒྱུད་སྤེལ། རླབས་ཐུང་རླུང་འཕྲིན་ལས་ཁུངས་ཀྱི་སྦྲེལ་མཐུད་དང་གནམ་སྐུད་སྒྲིག་བཀོད་སོགས་སློབ་ཚན་གྱི་དངོས་སྒྲིག་བཀོལ་སྤྱོད་ཚད་ལྡན་དུ་བཏང་ཡོད། སྒྲིག་འཛུགས་ལག་བསྟར་བྱེད་པའི་རིང་མི་དམངས་མཁའ་ཟོན་གཞུང་དོན་ཁང་གི་འགོ་ཁྲིད་ཚན་ཆུང་བཙུགས་ནས་འགྲན་བསྡུར་ཤན་འབྱེད་དང་གྲུབ་འབྲས་དཔྱད་བསྡུར་གཏན་འབེབས་ཀྱི་གོ་རིམ་གཟབ་ནན་དུ་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།