དབྱང་ཀྲི་ཝུན་གྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་སློབ་གསོའི་ཁྱབ་ཁོངས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། ནན་ཏན་གྱིས་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་མཐོ་རུ་གཏོང་བ། ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་མ་འཇོག་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད།

དབྱང་ཀྲི་ཝུན་སྔ་རྗེས་སུ་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དང་། མཚོ་སྔོན་སློབ་ཆེན་ཕྱོགས་བསྡུས་ལུས་རྩལ་ལྟེ་གནས། མཚོ་སྔོན་དགེ་འོས་སློབ་ཆེན་ཚོད་ལྟའི་དངོས་སྦྱོང་རྟེན་གཞི། མཚོ་སྔོན་མི་རིགས་སློབ་ཆེན་གྲ་སྒྲིག་ཚན་ཁག་གི་སློབ་གསོའི་རྟེན་གཞིའི་སློབ་མའི་ཞབས་ཞུའི་ལྟེ་གནས་ཀྱི་རྣམ་གྲངས་ཡུལ་དངོས་བཅས་སུ་ཕྱིན་ནས། ཡུལ་དངོས་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་། ཨར་ལས་ཀྱི་བདེ་འཇགས་དང་། སྤུས་ཚད་ལྟ་སྐུལ་དོ་དམ། མ་དངུལ་དང་ས་ཞིང་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་ཤེས་རྟོགས་གནང་བ་མ་ཟད། མངོན་གསལ་དོད་པའི་གནད་དོན་དང་དཀའ་ངལ་རྣམས་མཐུན་སྦྱོར་ཐག་གཅོད་བྱས་པ་རེད།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་དངུལ་འཇོག་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འབྲེལ་ཡོད་ས་ཁུལ་དང་། སྡེ་ཁག  སློབ་གྲྭ་བཅས་ཀྱིས་བསམ་བློའི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ། སློབ་གསོའི་ཁྱབ་ཁོངས་ཀྱི་མ་འཇོག་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་བ། སློབ་གསོའི་དམངས་འཚོའི་དོན་དངོས་ཏན་ཏིག་གིས་སྒྲུབ་པ་བཅས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ནས་མཚོ་སྔོན་གྱི་ཡུན་རིང་འཕེལ་རྒྱས་ལ་རྨང་གཞི་སྔར་ལས་བཟང་བོ་འདིང་དགོས་པར་བརྗོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།