མཚོ་སྔོན་གྱི་ལས་ཁུངས་11རྒྱལ་ཁབ་སྔོན་ཐོན་ཐུན་མོང་གི་མིང་ཐོའི་ཁྲོད་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཞིང་བར་ཞབས་ཞུ་དང་གཞི་རིམ་རིག་གནས་འཛུགས་སྐྲུན་སྔོན་ཐོན་ཐུན་མོང་ཁྲོད་བདམས་ཐོན་བྱུང་བའི་ལས་ཁུངས་ལ་ཉིན་བདུན་རིང་གི་ཡོངས་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཆི་ལེན་རྫོང་རིག་གནས་དཔེ་མཛོད་ཁང་དང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཧྲི་ཕའི་སྲང་ལམ་རིག་གནས་བྱ་འགུལ་ལྟེ་གནས་རྫོང་རིམ་པའི་རིག་གནས་ཁང་། དཔེ་མཛོད་ཁང་།ཤང་དང་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས། སྡེ་བ་དང་གཞིས་ཁུལ་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས། མཚོ་ཤར་གྲོང་ཁྱེར་མཚོ་ཤར་དབྱིས་ཞིན་རོལ་མོ་སྒྱུ་རྩལ་ཞིབ་འཇུག་སྒྱུ་རྩལ་ཟློས་གར་ཚོགས་པ། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་མི་རིགས་སྒྱུ་རྩལ་ཚོགས་པ་གཞི་རིམ་རིག་གནས་སྒྱུ་རྩལ་ཚོགས་པར་བདམས་པ་དང་། ཧེ་ཡན་རྫོང་རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་ལུགས་ལག་བསྟར་རུ་ཆེན་དེ་གཞི་རིམ་རིག་གནས་ཚོང་རའི་ཁྲིམས་ལུགས་ལག་བསྟར་རུ་ཁག་ཏུ་བདམས། རྨ་ཆེན་རྫོང་གློག་བརྙན་དོ་དམ་ས་ཚིགས་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁམས་སྐད་གློག་བརྙན་བསྒྱུར་སྐྲུན་ལྟེ་གནས་གཞི་རིམ་གློག་བརྙན་ཞབས་ཞུ་ཐུན་མོང་དུ་བདམས་ཤིང་། ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཧེ་ཡན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གཞི་རིམ་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་ཏུ་བདམས་པ་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བའེ་ཡོན་གྲོང་རྡལ་ཞའོ་ཀྲོང་སྡེ་བའི་ཞིང་བའི་དཔེ་ཁང་དང་། ཞིན་ཧྭ་འགྲེམ་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་སི་ཏ་ཐུང་ཡན་ལག་ཀུང་སི་ཞིང་བའི་དཔེ་ཁང་དང་གཞི་རིམ་དཔེ་དེབ་འགྲེམ་སྤེལ་ལས་ཁུངས་སུ་བདམས་ཐོན་བྱུང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།