འབྲོག་པ་མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས།

WechatIMG199.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲེལ་ཡོད་དཔྱད་ཡིག་ལྟར་ན། དུས་རབས20པའི་ལོ་རབས50ནས90བར་གནའ་རྫས་རྟོག་ཞིབ་པས་སྔ་གཞུག་ཏུ་ན་གོར་མོ་ཆུ་བོའི་སྟོད་རྒྱུད་དང་། ཐོ་ཐོ་གཙང་པོའི་ངོགས་རྒྱུད། ཨ་ཆེན་གངས་རྒྱབ་བཅས་ནས་རྡོ་ཆས་ཁག་གཅིག་འཚོལ་བསྡུ་བྱས་པ་དང་། C14བརྟག་དཔྱད་བྱས་པ་བརྒྱུད་རྡོ་ཆས་འདི་དག་ད་བར་དང་ལོ་ངོ་ཁྲི3ཙམ་སོང་ཡོད་ཟེར། འདིས་ཉུང་མཐར་ཡང་ལོ་ཁྲི་3གྱི་ཡར་སྔོན་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་མིའི་རིགས་ཀྱིས་བྱེད་སྒོ་ཡོད་པར་ར་སྤྲོད་བྱས་ཡོད།

WechatIMG200.jpeg

WechatIMG201.jpeg

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་ས་རྒྱུས་སྟེང་གི་འབྱུང་ཡུལ་ཡིན་པ་མ་ཟད། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཡུལ་གྲས་ཤིག་ཀྱང་ཡིན། གནས་འདི་ནས་གདོད་མའི་དམངས་སྲོལ་རིག་གནས་མང་པོ་སོར་འཇོག་བྱས་ཡོད་ལ་རིག་གནས་སྤེལ་རེས་ཀྱང་མང་པོ་ཡོད། དུས་ཡུན་རིང་བའི་མིའི་རིགས་ཀྱི་ཤེས་རིག་གི་རྗེས་ཤུལ་འདིས་རྩྭ་ཐང་གི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་སོགས་མངོན་པར་མཚོན་ཡོད་ལ། ཐུན་མོང་མ་ཡིན་པའི་མཚོ་བོད་མཐོ་སྒང་གི་རིག་གནས་སྐྲུན་ཡོད།

WechatIMG202.jpeg

WechatIMG203.jpeg

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་རི་བོ་དང་ཆུ་བོའི་འབྱུང་ཁུངས་ཞེས་བརྗོད་ཀྱིན་ཡོད་ལ། གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་མཐོ་གྲང་དང་། དབྱང་རླུང་དམའ་བ། སྐམ་ཤས་ཆེ་བ། སྨུག་ཕྱིའི་འོད་ཟེར་ཤུགས་ཆེན་ལྡན་པ་བཅས་རེད། དེར་བརྟེན་འཛམ་གླིང་སྐྱེ་བོ་ཀུན་གྱིས་མཚོ་བོད་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་ཡིད་སྨོན་བྱེད་ཀྱི་ཡོད་པ་དང་། གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་ཀུན་ལ་འཇིགས་སྣང་བསྩལ་ཡོད། འོན་ཀྱང་ཡ་ང་བའི་འཚོ་གནས་ཁོར་ཡུག་གི་དབང་གིས་ས་འདི་ནས་འཚར་ལོངས་བྱུང་བའི་མི་རིགས་ཁག་གིས་རང་བྱུང་ཁམས་དང་། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་ཐད་མྱོང་ཚོར་ཟབ་མོ་ཡོད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།