མཚོ་ནུབ་ཁུལ་ཐོག་མར་རྒྱལ་ཡོངས་འཛད་སྤྱོད་པས་ཡིད་ཚིམ་ཚད་ཀྱི་མིང་ཐོའི་ཁྲོད་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་2019ལོའི་གྲོང་ཁྱེར་100ཡི་འཛད་སྤྱོད་པའི་ཡིད་ཚིམ་ཚད་དཔྱད་འཇོག་སྙན་ཞུ་ཁྲོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དེ་ཐོག་མར་རྒྱལ་ཡོངས་འཛད་སྤྱོད་པའི་ཡིད་ཚིམ་ཚད་ཀྱི་དཔྱད་འཇོག་མིང་ཐོའི་ཁྲོད་བདམས་པ་དང་། རྒྱལ་ཡོངས་ཀྱི་འཛད་སྤྱོད་པའི་ཡིད་ཚིམ་ཚད་ཀྱི་དཔྱད་འཇོག་གི་གྲོང་ཁྱེར་100ཡི་ཨང་རིམ་ཁྲོད་ཨང་62པ་ཡིན་ལ། འཛད་སྤྱོད་པའི་ཡིད་ཚིམ་ཚད་སྤྱིའི་ཆ་ནས་ལེགས་ཤོས་ཀྱི་ཆུ་ཚད་དུ་གནས། མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་རྟགས་ཚད་ཁྲོད་འཛད་སྤྱོད་པའི་དབང་ཆ་སྲུང་སྐྱོང་གི་རྟགས་ཚད་ཆེས་མཐོ་ཤོས་ཟིན་ཡོད་ཅིང་། སྣ་གཅིག་གིས་རྒྱལ་ཡོངས་ཀྱི་ཨང་རིམ15གནས་ཡོད། 

རྒྱུས་ལོན་པ་ལྟར་ན། མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་གྲོང་ཁྱེར་འཛད་སྤྱོད་པའི་ཡིད་ཚིམས་ཚད་ཀྱི་དཔྱད་འཇོག་ཁྲོད། སྐར་གྲངས74.42ཡིན་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་100ཁྲོད་ཨང་རིམ་62ཡིན་ལ།ནུབ་རྒྱུད་གྲོང་ཁྱེར་ཁྲོད་ཨང་རིམ62ཟིན་ཞིང་།ནུབ་བྱང་གྲོང་ཁྱེར་ཁྲོད་ཨང་རིམ་11ཟིན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།