ཟི་ལིང་གྲོང་ཁྱེར་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་མེད་པར་བཟོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས28ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་ཏན་ཏིག་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ་རྩད་ཞིབ་བྱས་པ་དང་།  ཟླ་9བའི་བར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ6གི་མི23རྩད་གཅོད་ཐུབ་ཅིང་། ཏང་གི་སྒྲིག་ཁྲིམས་ཐག་གཅོད་བྱས་པ་མི21ལ་སླེབས།

དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་སྟངས་གནད་དོན་ཆེད་སྤྱོད་ལེགས་བཅོས་བྱ་བའི་ཁྲོད། ཟི་ལིང་གྲོང་ཁྱེར་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ཏེ། མི་སྣ་རྩ་འཛུགས་ཀྱིས་བྱེད་ཐབས་དོན་འཁྱོལ་བྱས་པ་དང་། མི་དང་རྒྱུ་ནོར་སོགས་ཀྱི་ཐོན་ཁུངས་ནས་དབུལ་སྐྱོར་ཕྱོགས་སུ་བསྐོར་ཏེ། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་སྤྱོད་སྐོར་ཞིབ་ཁྲོད་ཀྱི་ཕྱིར་བལྟ་བའི་གནད་དོན་ལེགས་བཅོས་བྱ་བར་དམ་འཛིན་བྱས་ཤིང་། གྲོང་ཁྱེར་དང་རྫོང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་རང་འགུལ་སྒོས་སྒྲུབ་པ་དང་། འདྲི་གཅོད། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་བྱེད་སྟངས་གནད་དོན་གྱི་ཁུངས་སྣེ་ལ་བརྡར་གཅོད་བྱས་ཤིང་།གྲོང་ཁྱེར་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དོགས་གནད་གནད་དོན་1གི་སྒྲུབ་འགན་ཁུར་ཞིང་།ཧོང་ཀྲུང་ཁུལ་དང་། ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། སྟོང་སྐོར་རྫོང་བཅས་རྫོང་དང་ཁུལ་གྱི་འགན་ཁུར་བློ་མཐུན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་ཁུངས་སྣེ་3ཡི་སྒྲུབ་འགན་ཁུར། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།