ལན་ཀྲུ་ནས་ཞིན་ཅང་བར་གྱི་ཆེད་སྤྱོད་སྒུལ་འཁོར་ལན་ཀྲུ་ནས་ཟི་ལིང་བར་མཚམས་ཚེས11ཉིན་སླར་གསོ་འཁོར་རྒྱུག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། ཚེས11ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་མིན་ཧོ་ལྷོ་དང་།མཚོ་ཤར་ལི་ཏུའུ་ལྷོ། མཚོ་ཤར་ནུབ་ཕིན་ཨན་སོགས་སྒུལ་འཁོ་ས་ཚིགས་སླར་གསོ་བྱུང་སྟེ་འགྲུལ་སྐྱེལ་ལས་གཉེར་བྱས་ཤིང་། ལན་ཀྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ལན་ཀྲུ་ནས་ཟི་ལིང་བར་མཚམས་དངོས་སུ་འཁོར་རྒྱུག་སླར་གསོ་བྱུང་། 

རྒྱུས་ལོན་པ་ལྟར་ན། 2016ལོའི་ཟླ1པོར། ལན་ཀྲུ་ནས་ཞིན་ཅང་བར་གྱི་ཆེད་སྤྱོད་འགྲུལ་སྐྱེལ་སྒུལ་འཁོར་ལན་ཀྲུ་ནས་ཟི་ལིང་ས་མཚམས་ཀྱི་ཀྲང་ཅ་ཀྲོང་ཕུག་ལམ་ལ་ས་གཤིས་གནོད་འཚེ་ཐེབས་པ་དང་།རྗེས་མར་ཉེན་སེལ་བྱས་རྗེས་འཁོར་རྒྱུག་སླར་གསོ་བྱས།2018ལོའི་ཟླ12པའི་རིང་ལ། ལྕགས་ལམ་སྡེ་ཁག་གིས་ཐེངས་མང་པོར་ཀྲང་ཅ་ཀྲོང་ཕུག་ལམ་ཡོད་སའི་རི་སྒང་གི་ས་གཤིས་ལ་འགྱུར་བ་བྱུང་བ་ལྟ་ཞིབ་ཚད་ལེན་ཐུབ་ཅིང་། ཀྲང་ཅ་ཀྲོང་ཕུག་ལམ་གྱི་བདེ་འཇགས་ཉེན་ཁ་ཚོད་འཛིན་བྱ་ཆེད།ལྕགས་ལམ་སྡེ་ཁག་གིས་ལན་ཀྲུ་ནས་ཟི་ལིང་བར་གྱི་སྒུལ་འཁོར་དེ་ལན་ཀྲུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་དུ་བསྐོར་ནས་འགྲོ་རྒྱུར་བཀོད་སྒྲིག་བྱས།ཁྱོན་ཡོངས་ནས་ཞིག་གསོ་དང་བདེ་འཇགས་དཔྱད་འཇོག་ཚད་ལེན་བྱས་པ་བརྒྱུད།ད་ལྟ་ཀྲང་ཅ་ཀྲོང་ཕུག་ལམ་ལ་འཁོར་རྒྱུག་གི་ནུས་ཤུགས་ལྡན། ལན་ཀྲུ་ནས་ཟི་ལིང་བར་གྱི་དུས་ཚོད་དེ་སྔོན་གྱི་དུས་ཚོད་2ནས་ད་ལྟའི་དུས་ཚོད་1དང་སྐར་མ་12ཉུང་དུ་བཏང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།