མཚོ་ནུབ་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་ཡོན་གྱིས་སྣོད་བཅུད་སྲུང་སྐྱོང་གི“སྣེ་ཁྲིད་པ”བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུས《ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣོད་བཅུད་སྲུང་སྐྱོང་གི“བྱེད་ཐབས་བཅུ”》དང《ཁུལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་གྱི་སྣོད་བཅུད་སྲུང་སྐྱོང་གི“སྣེ་ཁྲིད་བཅུ”》གཏན་འབེབས་བཟོས་ནས་སྒྲོག་སྤེལ་བྱས་ཤིང་། ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སྣོད་བཅུད་སྲུང་སྐྱོང་གི“སྣེ་ཁྲིད་པ”བྱས་ཏེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཉེ་དུས་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་མགྱོགས་མྱུར་སྒོས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན།

《ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣོད་བཅུད་སྲུང་སྐྱོང་གི“བྱེད་ཐབས་བཅུ”》ལས། བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བ་དང་བྱེད་པོའི་འགན་འཁྲི་ནན་ཏན་དུ་བཏང་ནས་མགོ་ཁྲིད་ཚན་ཁག་དང་ཏང་ཡོན་ལས་བྱེད་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “‘རི་བོ་གཉིས’ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། ཏང་ཡོན་སྒྲིག་འཛུགས་བྱས་ནས“སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་ལག་ལེན་བསྟར་མཁན་ཞིག་བྱེད་པར་ངས་ཇི་ལྟར་བྱེད་དགོས་པའི”ཆེད་དོན་བགྲོ་གླེང་བྱེད་སྒོ་སྤེལ་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་དེ་ལས་ཁུངས་དང་། སློབ་གྲྭ། སྡེ་ཁུལ། ཁེ་ལས། གྲོང་གསེབ་བཅས་སུ་སྤེལ་བར་སྐུལ་འདེད་བཏང་ནས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ། གཞི་རིམ་མང་ཚོགས་སྐུལ་སློང་བྱས་ཏེ་མང་ཚོགས་རྣམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ནང་ཧུར་ཐག་གིས་ཞུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ། སྣོད་བཅུད་ཀྱི“ཆ་འཕྲིན་དྲ་བ”བཙུགས་ནས་ཆ་འཕྲིན་འཚོལ་བསྡུ་ལ་ཤུགས་སྣོན་པ། གནད་དོན་དག་ཐེར་ཡོ་བསྲང་དང་། རེ་རེ་བཞིན་དབྱེ་ཞིབ། དོན་ཚན་རེ་རེ་བཞིན་ཞིབ་བསྡུར། ཐོ་བཟོ་རྩིས་འགོད། ཐོ་གསུབ་དག་ཐེར་བཅས་དམ་འཛིན་བྱེད་པ། ཏང་ཀྲི་པུའུ་ཡི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་དོན་འཁྱོལ་དང་གནད་དོན་བཅོས་སྐྱོང་གི་དུས་བཀག་བརྡ་ཁྱབ་ལམ་སྲོལ་འཛུགས་པ། མཉམ་འདྲེས་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ“མཐའ་མའི་ལེ་བར་གཅིག”གི་མཚམས་སུ་སྣོད་བཅུད་སྲུང་སྐྱོང་གི“དམར་ཐིག”བརྟན་པོར་སྲུང་དགོས་ཞེས་བླང་བྱ་བཏོན། 

《ཁུལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་གྱི་སྐྱེ་ཁམས་སྲུང་སྐྱོང་གི“སྣེ་ཁྲིད་བཅུ”》ལས། ཏང་ཡོན་གྱིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། སྒྲིག་བརྩི་ཁྲིམས་སྲུང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ལས་དོན་ཁག་སྤྱི་འདོམས། གད་སྙིགས་རིགས་དབྱེ་ལག་བསྟར། ཁོར་ཡུག་བཅོས་སྐྱོང་ཆེན་མོ། གྲོན་ཆུང་བསྲི་ཚགས། ཆུད་ཟོས་ལ་ངོ་རྒོལ། དང་བླངས་ཞབས་ཞུ་སྤེལ་བ། གོམས་སྲོལ་བཅོས་སྒྱུར། སྣོད་བཅུད་ཁོར་ཡུག་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་བཅས་ལ་སྣེ་ཁྲིད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི“དཔེ་བཟང་སྣེ་ཁྲིད་པ”བྱེད་དགོས་ཞེས་བླང་བྱ་བཏོན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།