ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྔ་བཞི་ཟམ་ཆེན་རྒྱ་བསྐྱེད་དུ་གཏོང་བའི་ལས་གཞིའི་རྣམ་གྲངས་ལེགས་འགྲུབ་བྱུང་བ་དང་བསྟུན། ཟླ10བའི་ཚེས10ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་ལྔ་བཞི་ཟམ་ཆེན་བརྒྱུད་དེ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་དག་གི་ལམ་ཐིག་སླར་གསོ་བྱ་རྒྱུ་རེད།
གསར་དུ་བཟོ་བཅོས་བྱས་པའི་ལྔ་བཞིའི་ཟམ་ཆེན་སྟེང་དུ་རླངས་འཁོར་འཁོར་བསྐྱོད་བྱས་པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིས་གྲོང་ཁྱེར་འགྲུམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཁག་གི་བྱ་བའི་བཀོད་སྒྲིག་ལྟར། སྔོན་ཆད་ཟམ་ཆེན་བཟོ་བཅོས་བྱས་པའི་དབང་གིས་ལམ་ཐིག་བསྒྱུར་བའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག32སླར་གསོ་བྱས་པ་རེད།
སླར་གསོ་བྱས་པའི་ལམ་ཐིག32ནི་སྤྱི་སྤྱོད་རླངས་འཁོར་ཨང་རྟགས1པོ་དང་ཨང་རྟགས4། ཨང་རྟགས7། ཨང་རྟགས9། ཨང་རྟགས15། ཨང་རྟགས16། ཨང་རྟགས19། ཨང་རྟགས24། ཨང་རྟགས26། ཨང་རྟགས37། ཨང་རྟགས39། ཨང་རྟགས48། ཨང་རྟགས63། ཨང་རྟགས66། ཨང་རྟགས69། ཨང་རྟགས72། ཨང་རྟགས82། ཨང་རྟགས85། ཨང་རྟགས101། ཨང་རྟགས104། ཨང་རྟགས301། ཨང་རྟགས302། ཨང་རྟགས303། ཨང་རྟགས501། ཨང་རྟགས502། ཨང་རྟགས503། ཨང་རྟགས504། ཨང་རྟགས1002། ཨང་རྟགས9001། K1། K3། ཡུལ་སྐོརཨང་རྟགས2པ་བཅས་རེད། སྤྱི་སྤྱོད་རླངས་འཁོར་འདི་དག་ལ་བསྡད་ན་ཡངས་ཤིང་རྒྱ་ཆེ་བའི་ལྔ་བཞིའི་ཟམ་ཆེན་གསར་བར་རོལ་མྱོང་བྱེད་ཐུབ། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག32དེ་རིང་ནས་བཟུང་སླར་གསོ་བྱ་རྒྱུ་རེད།