ལས་རྨས་འགན་བཅོལ་གྱི་འབྲེལ་ཡོད་ཐོབ་ཐང་ལེགས་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་བརྒྱུད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན་གྱིས《ལས་རྨས་འགན་བཅོལ་ཐོབ་ཐང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། 2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ལས་རྨས་འགན་བཅོལ་ཐོབ་ཐང་ལེགས་སྒྲིག་བྱ་རྒྱུ་གཏན་འབེབས་བྱས། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས2007ལོ་ནས་བཟུང་ལས་རྨས་འགན་བཅོལ་ཐོབ་ཐང་ལེགས་སྒྲིག་བྱེད་ཐེངས11པ་རེད། 

ཐེངས་འདིའི་ལེགས་སྒྲིག་ལ་ནང་དོན་གཙོ་བོ་གཉིས་ཡོད་པ་གཤམ་གསལ། 

གཅིག རྨས་སྐྱོན་ཁ་གསབ་དང་གཉེན་ཉེར་བསྙེན་བཀུར་གྱོང་གསབ་རོགས་དངུལ་ལེགས་སྒྲིག་བྱས་པ། ཟླ་རེར་རྨས་སྐྱོན་ཁ་གསབ་རོགས་དངུལ་རིམ་པ་དང་པོ་ནས་དྲུག་པའི་བར་ལེན་པའི་ལས་རྨས་ལས་བཟོ་བར་མི་རེར་ཟླ་རེར་སྒོར224འཕར་རྒྱུ་དང་། ཟླ་རེར་ལས་ཀའི་ཆེད་གྲོངས་པའི་ལས་བཟོ་བའི་གཉེན་ཉེར་བསྙེན་བཀུར་གྱོང་གསབ་རོགས་དངུལ་ལེན་མཁན་ལ་མི་རེར་ཟླ་རེར་སྒོར100འཕར་རྒྱུ་རེད། ལེགས་སྒྲིག་བྱས་རྗེས་མི་རེར་ཟླ་རེར་སྒོར1148ལས་ཉུང་ཚེ་མི་རེར་ཟླ་རེར་སྒོར1148བར་ལེགས་སྒྲིག་བྱ་རྒྱུ་རེད། 

གཉིས། འཚོ་བའི་ནད་གཡོག་དང་འདས་པོའི་རྗེས་འཇུག་གསབ་དངུལ་གྱི་གཞི་གྲངས་གཏན་འཁེལ་བྱས་པ། 2020ལོའི་ལས་རྨས་ལས་བཟོ་བའི་འཚོ་བའི་ནད་གཡོག་དང་འདས་པོའི་རྗེས་འཇུག་གི་འགྲོ་གྲོན་མུ་མཐུད་དུ2018ལོར་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ལས་ཐོག་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར6378དེ་གཞི་གྲངས་སུ་བརྩིས་ནས་རྩིས་རྒྱག་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།