རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་2020ལོའི་ཕྱུགས་བསྐྱུར་རྩྭ་འདེབས་མ་དངུལ་སྒོར་དུང་ཕྱུར་8བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བརྩོན་ལེན་འོག  ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་དུ་ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་གྱི་ཀྲུང་དབྱང་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར8བཀོད་སྒྲིག་བྱས་ཏེ། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་ཕྱུགས་བཀག་རྩྭ་སར་ལྕགས་ར་སྐོར་བའི་རྩྭ་ས་སྤྱི་ཆིང་ཁྲི11.5དང་། ཕྱུགས་འཚོ་སྐྱོང་བྱས་ཆོག་པའི་ས་སྤྱི་ཆིང་ཁྲི12། དེ་མིན་དུག་རྩྭ་བཅོས་སྐྱོང་སྤྱི་ཆིང་ཁྲི6.06། རྩྭ་ཐང་ཞན་འགྱུར་ལེགས་བཅོས་སྤྱི་ཆིང་ཁྲི18.87། མིའི་བཟོས་རྩྭ་འདེབས་ས་མུའུ་སྤྱི་ཆིང་ཁྲི3དང་ས་ནག་བཅོས་སྐྱོང་སྤྱི་ཆིང་ཁྲི10.7བཅས་ལ་རྒྱབ་སྐྱོར་བྱས། 

གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། བཟོ་སྐྲུན་ལས་བསྟར་བྱས་པ་བརྒྱུད། ད་ལྟ་མཚོ་སྔོན་གྱི་ལས་གཞི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ཤིང་། རྩྭ་ས་ཞན་འགྱུར་དང་། བྱེ་འགྱུར་སླར་གསོའི་ནུས་ཤུགས་མཐོ་རུ་ཕྱིན་ལ།རྩྭ་ཐང་སྐྱེ་ཁམས་ཞན་འགྱུར་གྱི་རྣམ་པར་ཚོད་འཛིན་ཐུབ་པའི་དུས་མཚུངས་སུ། རོང་འབྲོག་དམངས་ཀྱི་ཕྱུགས་ལས་ཐོན་སྐྱེད་རྣམ་པ་བསྒྱུར་བཅོས་ལ་རོགས་རམ་ཐོབ་ཅིང་། རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་དང་རྩྭ་སའི་ཕྱུགས་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས་དང་། རྩྭ་ཐང་ཐོན་ཁུངས་བེད་སྤྱོད་མངོན་འགྱུར་བྱུང་ནས། རྩྭ་དང་ཆུ། རྣམ་པ། ཡོང་སྒོ་བཅས་ཇེ་མང་ལ་ལ་འགྲོ་བའི་དམིགས་འབེན་མངོན་འགྱུར་བྱུང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།