ངོས་འཛིན་དང་བྱ་སྤྱོད་ལ་བརྟེན་ནས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་སྐྲུན་པ།

སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་གི་གཞི་ཐིག་དང་སྲོག་རྩ་ཡིན་པས་བརྒལ་མི་རུང་། མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སྔོག་འདོན་གྱི་གནད་དོན་ཐད་ང་ཚོའི་སེམས་སྡུག་གིས་ཁེངས་ལ་ང་ཚོས་དེ་ལ་བསམ་གཞིགས་ཀྱང་གཏོང་གིན་ཡོད། གནད་དོན་དེས་ང་ཚོར་བསླབ་བྱ་གནང་ལ་ང་ཚོར་ཉེན་བརྡ་བཏང་། ང་ཚོས་བསམ་བློ་གཅིག་གྱུར་དང་བློ་བརྟན་འགྱུར་མེད་ཀྱིས་བྱ་སྤྱོད་སྤེལ་ནས་མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་དུས་ཐོག་ཏུ་ཕན་འབྲས་བསྐྲུན་དགོས། 

དག་ཐེར་བཅོས་སྐྱོང་གི་ལས་དོན་ལེགས་པོར་སྒྲུབ་པའི་འགག་རྩ་ནི་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་འདེགས་ལ་ཐུག་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་ནི་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་འབྱུང་འགྱུར་ལ་རག་ལས་པའི་ཇུས་ཆེན་ཞིག་ཡིན། མུ་རི་གཏེར་ཁུལ་གྱི་གནད་དོན་ནི་སྐྱེ་ཁམས་ཀྱི་གནད་དོན་ཞིག་ཡིན་ལ་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་ཡིན་པས། ལྷག་པར་དུ“ཆེ་ཤོས་གསུམ”ཞིང་ཆེན་གྱི་གནས་བབ་ཏུ་འཛིན་པའི་མཚོ་སྔོན་གྱིས་སྔར་བས་“རྒྱལ་ཁབ་ཀྱི་གཙོ་ཤོས”ལ་བསམ་བློ་གཏོང་སྟེ་བློ་རྒྱ་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་ཐུབ་དགོས། མུ་རི་གཏེར་ཁུལ་གྱི་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ཐད་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ལ་བརྩིས་ནས“སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་མ་བྱས་ཚེ་རྒྱལ་ཡོངས་སུ་མཚོ་སྔོན་ལ་གོ་གནས་གང་འདྲ་ཞིག་ཡོད་དམ། འགན་འཁྲི་ཡག་པོ་མ་བསྒྲུབས་ཚེ་མཚོ་སྔོན་གྱིས་ཏང་དང་མི་དམངས་ལ་ཇི་ལྟར་གསལ་བཤད་བྱེད་དགོས་སམ། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཡག་པོ་མ་བྱས་ཚེ་མཚོ་སྔོན་གྱི་འབྱུང་འགྱུར་ལ་མདུན་ལམ་གང་ཞིག་ཡོད་དམ”ཞེས་པའི་དྲི་བར་དྲི་ལན་ཡག་པོ་འདེབས་དགོས།

དག་ཐེར་བཅོས་སྐྱོང་གི་ལས་དོན་ལེགས་པར་སྒྲུབ་པའི་འགག་རྩ་ནི་འགན་འཁྲི་ཁེག་ཁུར་དང་དངོས་དོན་དངོས་སྒྲུབ་བྱ་རྒྱུར་ཐུག་ཡོད། མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་གྱིས་སྔོག་འདོན་བྱེད་པར་མཚོ་སྔོན་ཞིང་ཆེན་གྱིས་ཚད་མཐོའི་མཐོང་ཆེན་དང་འགན་འཁུར་བའི་རྣམ་འགྱུར་གྱིས་དུས་ཐོག་ཏུ་《མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2020ལོ་ནས་2023ལོའི་བར)》བཏོན། ལྷག་པར་དུ་ད་ལོའི་དུས་ཚོད་ཀྱི་འཆར་འགོད་ཐད་དུས་ཚོད་ཧ་ཅང་ཐུང་ལ་ལས་འགན་ཧ་ཅང་ལྕི་བས་ང་ཚོས་གནོན་ཤུགས་དེ་སྒུལ་ཤུགས་སུ་བསྒྱུར་ནས་བྱ་སྤྱོད་ཐད་སྐར་ཆ་རེ་རེའང་བརྩོན་ལེན་བྱེད་དགོས། ད་དུང་ཚན་རིག་ལ་སྣང་ཆེན་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱིས་སེམས་ནུས་ཡོད་རྒུས་གྱོང་གུན་ཁ་གསབ་བྱེད་དགོས། མུ་རི་གཏེར་ཁུལ་གྱི་གནད་དོན་ཐད་མངོན་པའི་འགན་འཁྲི་ཤོར་བའི་སྐྱོན་ཆར་རིམ་འདེད་བྱེད་ཕོད་པ་དང་བཙན་པོར་འཐབ་ཕོད་པ་བྱེད་དགོས་ལ། གནད་དོན་འདི་བསླབ་བྱ་དང་གོ་སྐབས་སུ་བརྩིས་ཏེ་རུས་འབྲད་དུག་སེལ་དང་དཔའ་བོའི་མཁྲེག་གཅོད་ཀྱི་བློ་སྟོབས་ཀྱིས་རུལ་སུངས་དང་དཔོན་ཉམས་རིང་ལུགས་སོགས་ཚུལ་མིན་སྤྱོད་ངན་གཙང་སེལ་བྱས་ཏེ། སྐྱེ་ཁམས་དང་ཆབ་སྲིད་ལ་དྭངས་གཙང་རི་ཆུ་མཁོ་འདོན་བྱེད་དགོས་ལ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཤུགས་ཆེན་པོ་སྤྱིན་དགོས།   

 ཏང་ཀྲུང་དབྱང་དང་ཞིང་ཆེ་ཏང་ཨུའི་མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བཀོད་སྒྲིག་དང་མཛུབ་སྟོན་ལ་ཆབ་སྲིད་རང་བཞིན་དང་ཁ་ཕྱོགས་རང་བཞིན། རྩ་དོན་རང་བཞིན། བཀའ་བཀོད་རང་བཞིན། བྱ་སྤྱོད་རང་བཞིན་བཅས་གཞི་གཅིག་ཏུ་བསྡུས་ཡོད་པས། ང་ཚོས་རང་འགུལ་ངང་བརྩི་སྲུང་དང་། ཏན་ཏན་ཏིག་ཏིག་གིས་དོན་འཁྱོལ་ནན་འཛིན་བྱས་ཚེ་ཏང་ཀྲུང་དབྱང་དང་མི་དམངས་མང་ཚོགས་ལ་གསལ་བཤད་བྱ་ཐུབ་པར་ཡིད་ཆེས་ཡོད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།