ན་གོར་མོ་གྲོང་ཁྱེར2020ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྫོང་ཆེན་དང་གྲོང་ཁྱེར་ཆེན་མོ་བརྒྱའི་མིང་ཐོར་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན། ཀྲུང་གོ་ཆ་འཕྲིན་མཐུན་ཚོགས་ཆ་འཕྲིན་ཅན་འཕེལ་རྒྱས་ཞིབ་འཇུག་ཁང་དང་། འགྲན་རྩོད་ནུས་པའི་རིག་མཛོད།《ཀྲུང་གོ་དཔལ་འབྱོར་སྣེ་ཁྲིད་ཚགས་པར》།  པེ་ཅིང་ཀྲུང་ཤིན་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག“2020ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྫོང་ཆེན་དང་གྲོང་ཁྱེར་ཆེན་མོ་བརྒྱའི”མིང་ཐོ་ཁྱབ་བསྒྲགས་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དེའི་ཁྲོད་ཀྱི་ཨང29པ་ཡིན་འདུག་ལ། 2019ལོ་ལས་ཨང་གཅིག་གིས་ཇེ་མཐོར་ཕྱིན་ཞིང་མིང་ཐོར་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གཅིག་པུའང་རེད། 

སྙན་ཞུ་ལས་མངོན་པ་ལྟར་ན། 2020ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྫོང་ཆེན་དང་་གྲོང་ཁྱེར་ཆེན་མོ་བརྒྱ་དེ་སི་ཁྲོན་དང་ཁྲུང་ཆིང་། ནང་སོག མཚོ་སྔོན་སོགས་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར། རང་སྐྱོང་ལྗོངས་10ལ་ཁྱབ་ཡོད། ལྟ་ཞིབ་ཚད་ལེན་མ་ལག་གི་ནང་དོན་ཁྲོད་དཔལ་འབྱོར་གྱི་གཞི་ཁྱོན་དང་། མི་དམངས་ཀྱི་འཚོ་བ། དཔལ་འབྱོར་གྱི་འཕེལ་ཤུགས། དཔལ་འབྱོར་གྱི་སྤུས་ཚད་བཅས་ཕྱོགས་བཞིའི་དམིགས་ཚད་ཁྱོན25ཚུད་ཡོད། གྲངས་གཞི་དབྱེ་ཞིབ་བྱས་པ་བརྒྱུད། ནུབ་རྒྱུད་ས་ཁུལ་གྱི་རྫོང་ཁོངས་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་དེ་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་དང་། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བ་དང་། དཔལ་འབྱོར་གཞི་ཁྱོན་མགྱོགས་མྱུར་ངང་སྟོབས་ཆེར་འགྲོ་བ་བཅས་ཀྱི་ཐོག་ནས་མངོན་གྱིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།