རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སུ་མཚོ་སྔོན་གྱི་སྤྱི་ཚོགས་གཏན་འཇགས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས8ཉིན་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་གཏན་འཇགས་དང་། བདེ་འཇགས་བཅོས་སྐྱོང་གོ་རིམ་ལྡན་ཞིང་། སྤྱི་བའི་བདེ་འཇགས་དོན་རྐྱེན་བྱུང་མེད་པ་དང་། གཙོ་གནད་མཛེས་ལྗོངས་ས་ཁུལ་གྱི་གནས་ཚུལ་ལེགས་ཤིང་དུས་ཆེན་གྱི་ཡོ་ལང་རབ་ཏུ་རྒྱས་ཡོད།

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་སྐབས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། སྤྱི་བདེ་པུའུ་ཡི་བཀོད་སྒྲིག་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཆེན་གཉིས་ཀྱི་བདེ་སྲུང་གནས་ཚུལ་གསར་བར་དམིགས་ནས། ལས་སྒྲུབ་མི་སྣས་ལས་གནས་བརྟན་སྲུང་དང་རིམས་ནད་འགོག་བཅོས་ཚོད་འཛིན་རྒྱུན་ལུགས་ཅན་གྱི་གནས་བབ་འོག་ཉེན་ཁ་འགོག་སྲུང་དང་། བདེ་སྲུང་། གཏན་འཇགས་བྱ་བ་ཏན་ཏིག་གིས་སྒྲུབ་ཏེ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་བྱས། དེའི་སྐབས་སུ་ཞིང་ཆེན་སྤྱི་བདེ་ཐིན་གྱིས་བཀོད་འདོམས་སྙོམས་སྒྲིག་སྒྲིག་སྲོལ་མགོ་བརྩམས་པ་དང་། ཉེན་རྟོག་སྡེ་ཁག13ཡིས་བཀོད་འདོམས་ལྟེ་གནས་སུ་ལས་གནས་བརྟན་སྲུང་བྱས་པ་དང་། ཉིན་རེར་བརྙན་མིག་བརྒྱུད་དེ་སྙོམས་སྒྲིག་དང་ཚོད་དཔག་བྱས་ཏེ་ཉེན་ཁ་མེད་པར་བཟོས།

དུས་ཆེན་གཉིས་ཀྱི་དུས་ཚོད་རིང་བ་དང་། འགྲོ་འོང་ཆེ་བ། རླངས་འཁོར་མང་བར་དམིགས་ནས། གནས་སྐོར་བ་གཅིག་ཏུ་འདུ་བ་དང་བདེ་འཇགས་དོན་རྐྱེན་འགོག་སྲུང་གཙོ་གནད་དུ་བཟུང་ནས། མཛེས་ལྗོངས་ས་ཁུལ་དང་ཚོང་ར་སོགས་མི་སྣ་འདུ་སྡོད་མང་སའི་བདེ་འཇགས་སྐོར་ཞིབ་ཚོད་འཛིན་ལ་ཤུགས་བསྣན་ཏེ། དུས་ཆེན་སྐབས་ཀྱི་སྤྱི་བའི་བདེ་འཇགས་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།