ཟི་ལིང་གྲོང་ཁྱེར་གྱི་མིན་ཡོན་སྲང་ལམ་གསར་བ་དང་ལྔ་བཞི་ཟམ་པ་འགྲུབ་ནས་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས8ཉིན། ཟི་ལིང་གྲོང་ཁྱེར་གྱི་གཙོ་གནད་ལས་གཞི་སྟེ་མིན་ཡོན་སྲང་ལམ་ལེགས་བཅོས་དང་ལྔ་བཞི་ཟམ་པ་རྒྱ་བསྐྱེད་བཟོ་སྐྲུན་གཉིས་ལེགས་འགྲུབ་བྱུང་ཏེ་ཤར་གཏོང་བྱས།

མིན་ཡོན་སྲང་ལམ་ལེགས་བཅོས་བཟོ་སྐྲུན་གྱིས་སྔར་ཡོད་ཀྱི་ལམ་ངོས་དེ་སྨི12ནས་སྨི30བར་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་ཀྱི་རླངས་འཁོར་འགྲོ་ས་བཞི་ནས་ཕྱོགས་གཉིས་ཀྱི་འགྲོ་ས་དྲུག་ཏུ་བཏང་བའི་དུས་མཚུངས་སུ། མིན་ཡོན་སྲང་ལམ་གྱི་ཟམ་པ་ཡང་བསྐྱར་འཛུགས་སྐྲུན་བྱས། ལྔ་བཞི་ཟམ་པ་རྒྱ་བསྐྱེད་བཟོ་སྐྲུན་གྱིས་སྔར་ཡོད་ཀྱི་ལྔ་བཞི་ཟམ་པ་བསྐྱར་སྐྲུན་བྱས་པ་དང་། རླངས་འཁོར་འགྲོ་སར་ལྷོ་བྱང་ཕྱོགས་གཉིས་ནས་རྒྱ་བསྐྱེད་ཅིང་། བཟོ་བཅོས་བྱས་རྗེས་ཀྱི་ལྔ་བཞི་ཟམ་པ་ལས་གཞིའི་སྤྱིའི་རིང་ཚད་ལ་སྨི359ཡོད་ཅིང་། ཞེང་ཚད་ལ་སྨི48དང་། རླངས་འཁོར་འགྲོ་ས་བརྒྱད་ཡོད་ལ། ལོགས་གཉིས་ལ་མི་འགྲོ་སའང་བཀོད་སྒྲིག་བྱས་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།