དངོས་བཤུས་གློག་བརྙན་ཆེ་གྲས《ཚབ་རྟགས221》ལ་ཡང་བསྐྱར་བྱ་དགའ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས《རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་གཞུང་སྒྲུབ་ཐིན་གྱིས་2019ལོའི་དངོས་བཤུས་གློག་བརྙན་དང་གསར་རྩོམ་པའི་ལས་གཞིའི་དཔྱད་འཇོག་གྲུབ་འབྲས་སྐོར་གྱི་བརྡ་སྦྱོར》སྤྱི་བསྒྲགས་དཔར་འགྲེམ་བྱས། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཧྲང་ཧའེ་རྒྱང་སྒྲོག་བརྙན་འཕྲིན་ཁང་དངོས་བཤུས་གློག་བརྙན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲིག་བཟོ་བྱས་པའི་དངོས་བཤུས་གློག་བརྙན་ཆེ་གྲས《ཚབ་རྟགས་221》ལ་ཕུལ་བྱུང་དངོས་བཤུས་གློག་བརྙན་གྱི་བྱ་དགའ་ཐོབ།

དངོས་བཤུས་གློག་བརྙནཚབ་རྟགས221གིས་དོན་དངོས་ནས་ལོ་རྒྱུས་བརྒྱུད་དེ། བརྙན་མིག་གིས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་ཀྱི་རླབས་ཆེའི་རྣམ་པ་ཟིན་ཐོར་བཀོད་ཅིང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་རྟེན་གཞི་ཟུར་སྣེ་རུ་བཟུང་ཏེ། ཀྲུང་གོའི་ཉིང་རྡུལ་འབར་མདེལ་དང་ཆིནའབར་མདེལ་ཞིབ་འཇུག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཟིན་ཐོར་བཀོད་པ་དང་། ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཀྱི་མགོ་ཁུངས་དང་།ཞིབ་འཇུག་གསར་སྤེལ། ཚོད་ལྟ་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཤིང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆའི་ཞིབ་འཇུག་ལས་སྒྲུབ་པའི་སྙིང་སྟོབས་མངོན་ཞིང་། སྲུང་སྐར་གཅིག་དང་འཕུར་མདེལ་གཉིས་ཀྱི་སྙིང་སྟོབས་མངོན་པ་དང་། ཀྲུང་གོ་གསར་བའི་མི་དམངས་ཀྱིས་གསར་བརྗེ་དང་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དང་འཚོལ་སྙེག་མངོན་པར་མཚོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།