ཟི་ལིང་གིས་ལོ་གསུམ་ནང་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར15ལོན་པར་བརྩོན་ལེན་བྱ་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཟི་ལིང་གྲོང་ཁྱེར་གྱིས《ཟི་ལིང་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2020-2022ལོའི་བར)》པར་འགྲེམས་བྱས་པ་རེད། ཟི་ལིང་གྲོང་ཁྱེར་གྱིས་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་སྤེལ་བ་བརྒྱུད། སྤུས་ལེགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་མཁོ་འདོན་བྱེད་ནུས་ཆེ་རུ་བཏང་ནས་སྔར་བས་ཕྱིར་འཚོང་ཐབས་ལམ་ཤར་གཏོང་ཐུབ་པ་དང་། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ། ལོ་གསུམ་ནང་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར15ལོན་པར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

དེར་བརྟེན། ཟི་ལིང་གྲོང་ཁྱེར་གྱིས་དབུལ་སྐྱོར་ཐོན་རྫས་གཏན་འཁེལ་བྱེད་པ་དང་ཆབས་ཅིག་དབྱར་ཚལ་དང་། ནས་དང་པད་ཁ། འབྲི་གཡག་དང་བོད་ལུག ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཏ་ཐུང་བྱ་སུག་ཙོང་དང་། ཞིན་ཀྲོང་ཧོང་ཀྭ། ཧོང་ཡོན་སྒོག་པ། མཱ་ཡ་རྒྱ་སྲན། ཧོང་ཀྲུང་གྲོ་སྐྱ་སོགས་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་གཞི་ཁྱོན་ཅན་གྱི་མཁོ་སྤྲོད་ཆུ་ཚད་མཐོ་རུ་བཏང་ཡོད། འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཚད་ལྡན་ཅན་གྱི་ཐོན་སྐྱེད་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ས་ཁོངས་རང་བཞིན་གྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཀྱི་སྤུས་རྟགས་བཏོད་དེ“ཡུལ་ཟོག་རྟགས་ཅན”དང“ཤང་རྟགས་ཅན”གྱི་ཁྱད་ལྡན་སྤུས་རྟགས་ལ་རོགས་སྐྱོར་བྱས། ནན་ཅིང་གི་རོགས་སྐྱོར་འཛད་སྤྱོད་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་སྤེལ་ནས་ནན་ཅིང་གི་ཁ་གཏད་རོགས་སྐྱོར་ཁུལ་ཁག་ཏུ་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་འགྲེམས་ཚོང་སྐར་ཁུང་ལས་སྟེགས1ཡན་བཙུགས་ཡོད། “ཞིང་ཚོང་འབྲེལ་མཐུད་”དང་“ཞིང་སྡོད་འབྲེལ་མཐུད་”ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་ནས། “ཐད་ཀར་སྔོག་འདོན་དང་ཐད་ཀར་མཁོ་འདོན་”བྱེད་སྟངས་རྒྱ་སྐྱེད་གཏོང་བ་དང་། དབུལ་སྐྱོར་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་། 

ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་འཛད་སྤྱོད་དབུལ་སྐྱོར་ཆེད་ཚོང་ཁང་བཙུགས་ནས་དྲ་ཐོག་ཚོང་དོན་ལས་སྟེགས་བསྐྲུན་པར་སྐུལ་འདེད་བཏང་སྟེ། ཧའེ་ཧུའུ་ཁུལ་གསར་དུ་ཟི་ལིང་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་དྲ་རྒྱའི་ཐད་ཚོང་རྟེན་གཞི1འཛུགས་སྐྲུན་བྱ་འཆར་ཡོད་ཅིང་། རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་དུ་དངོས་པོ་སྐྱེལ་བའི་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ། རྫོང་དང་ཤང་། གྲོང་ཚོ་བཅས་ཀྱི་གློག་རྡུལ་ཚོང་དོན་མྱུར་སྐྱེལ་ཟོག་འགྲེམས་དྲ་བ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། དབུལ་སྐྱོར་ཐོན་རྫས་གྲོང་ཁྱེར་དུ་སྐྱོད་པ་དང་དྲ་ཐོག་ནས་ཕྱིར་འཚོང་བྱེད་པའི་ཐབས་ལམ་མང་དུ་གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།