མཚོ་སྔོན་ཞིང་ཆེན་གྱིས་རིགས་གསར་བའི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་ས་ཆུ་སྲུང་འཛིན་ཚོང་རའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་ས་ཆུ་སྲུང་འཛིན་ཚོང་གཉེར་ཁོར་ཡུག་བསྐྲུན་པ་དང་། ཡིད་རྟོན་ལྟ་སྐུལ་དོ་དམ་གཙོར་བྱས་པའི་རིགས་གསར་བའི་ཚོང་རའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་བཙུགས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད།

ད་ལོར། ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་ས་ཆུ་སྲུང་འཛིན་ཡིད་རྟོན་ལྟ་སྐུལ་དོ་དམ་བྱེད་པར་དམ་དུ་དམིགས་ནས། མཚོ་སྔོན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་ཐོན་སྐྱེད་ལས་གཞི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཇུས་གཞི་གཏན་འབེབས་བྱས་ནས། གཙོ་བོར་ཁྲིམས་འགལ་ལུགས་འགལ་སྤྱོད་ཚུལ་གྱི་ཆ་འཕྲིན་བསྡུ་གསོག་དང་ཁས་ལེན། མཉམ་སྤྱོད། སྤྱི་སྒྲོག བཀོལ་སྤྱོད་དང་ལྟ་སྐུལ་དོ་དམ་ཐད་ནས་བཀོད་སྒྲིག་བྱས་པ་དང་། མིག་སྔར་མཚོ་སྔོན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་རིམ་པའི་མཆན་འགོད་ལས་གཞི་ཞིབ་དཔྱད་ཡོངས་འགྲུབ་བྱས་པ་མ་ཟད། མཐོ་གསར་ལག་རྩལ་གྱི་རང་ཞིང་གི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་ས་ཆུ་སྲུང་འཛིན་ལྟ་སྐུལ་དོ་དམ་ཁྲོད་ཀྱི་བེད་སྤྱོད་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་དྲ་རྒྱ་དང་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་མཉམ་འབྲེལ་དྲ་རྒྱ་དང་ལྟ་སྐུལ་དོ་དམ་དང་རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་ལྟ་སྐུལ་དོ་དམ་མ་ལག་སོགས་ཡོངས་འགྲུབ་བྱསཔ་དང་། སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཞིབ་བཤེར་བྱེད་པའི་རྐྱེན་སྲོལ་བཙུགས། དེ་དང་མཉམ་དུ། 2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་ས་ཆུ་སྲུང་འཛིན་ལྟ་སྐུལ་དོ་དམ་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་འགན་སྒྲུབ་ལྟ་ཞིབ་སོགས་བྱ་བའི་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱས་ནས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་སྲིད་འཛིན་སྡེ་ཁག་གི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་ས་ཆུ་སྲུང་འཛིན་འགན་སྒྲུབ་ལྟ་ཞིབ་དང་པུའུ་དང་ཞིང་ཆེན་རིམ་པའི་མཆན་འགོད་ལས་གཞིའི་ས་ཆུ་སྲུང་འཛིན་ཉེར་ལྔའི་ལྟ་སྐུལ་དོ་དམ་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་རྩ་འཛུགས་བྱས་ནས་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་བཞི་བརྒྱ་དང་གྱ་གསུམ་ཐད་ཀྱི་ས་ཆུ་སྲུང་འཛིན་ལྟ་སྐུལ་དོ་དམ་ཞིབ་བཤེར་ཡོངས་འགྲུབ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།