མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞི་གལ་ཆེན་གྱི་མ་དངུལ་བསྡུ་སྒྲིལ་དངུལ་བུན་གཏོང་བའི་ཆེད་དོན་རྟོག་ཞིབ་ལྟ་སྐུལ་ལས་དོན་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མ་དངུལ་བསྡུ་སྒྲིལ་དངུལ་བུན་གྱི་ཆེད་དམིགས་ལས་གཞི་འཛུགས་སྐྲུན་མ་དངུལ་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི། བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལས་གཞི་གལ་ཆེན་གྱི་མ་དངུལ་བསྡུ་སྒྲིལ་དངུལ་བུན་གྱི་ཆེད་དམིགས་འཁོར་རྒྱུག་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་ཆེད། ཉེ་ལམ།  མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས།  རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཉམ་དུ། རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་ལས་དོན་ཚན་ཆུང་བཙུགས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་དང་། དེ་བཞིན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་སོགས་ས་ཁུལ་དང་སྡེ་ཁག་ཏུ་སོང་ནས། ཆེད་མངགས་དངུལ་རྩའི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བརྟག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།