ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་ཁོངས་ཀྱིས་གཞི་གྲངས་ཆེན་པོའི་འཛུགས་སྐྲུན་བེད་སྤྱད་དེ་རིག་སྟོབས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས།

2019ལོར་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་ཁོངས་ཀྱི་གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་བྱས་པའི་ཚུན་དུ། མིག་སྔར། གཞི་གྲངས་པར་རིས་དང་རི་སྐྱེས་རི་དྭགས་ལྟ་ཞིབ་ཚད་ལེན། སྐྱེ་ཁམས་ཚན་རིག་ཞིབ་འཇུག་མཉམ་ལས། ཕྱོགས་བསྡུས་ལས་སྒོ་དོ་དམ། དྲ་རྒྱ་མཉམ་བསྲེས་འཕྲིན་གཏོང་སོགས་རྨང་གཞི་སྒྲོམ་གཞི་འཛུགས་སྐྲུན་ཡོངས་འགྲུབ་བྱས་པ་དང་། རིམ་པ་བཞིན་དངོས་ཟོག་དྲ་རྒྱའི་སྣེ་མང་མྱོང་ཚོར་དང་གཞི་གྲངས་ཆེན་པའི་རིག་སྟོབས་ཁྱད་ནུས་དང་སྤྲིན་སྟེགས་བུ་སྤུས་ལེགས་དོ་དམ་མངོན་འགྱུར་བྱས་ལ། རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་སྤྱི་གླིང་ཁུལ་དོ་དམ། ཉིན་རྒྱུན་སྐོར་ཞིབ་སོགས་བྱ་བའི་ཁྲོད་གྲུབ་འབྲས་ཐོག་མ་བླངས།

རྒྱུས་ལོན་བྱུང་བ་ལྟར་ན། ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་རིགས་སྣ་མང་པ་དང་། ས་གཤིས་ཁོར་ཡུག་རྙོག་འཛིང་ཆེ་ལ། སྲོལ་རྒྱུན་གྱི་ལྟ་ཞིབ་ཚད་ལེན་དོ་དམ་བྱེད་ཐབས་ཀྱིས་རྒྱལ་ཁབ་སྤྱི་གླིང་གི་ལེགས་ཞིབ་ཅན་དང་འགུལ་རྣམ་ཅན། མ་ལག་ཅན་གྱི་དོ་དམ་གྱི་དགོས་མཁོ་སྐོང་ཐབས་མེད། གཞི་གྲངས་ཆེན་པོའི་འཛུགས་སྐྲུན་ཐད་ནས་གཞི་གྲངས་མཉམ་བསྲེས་གཅིག་བསྡུ་མ་ལག་དང་སྐྱེ་ཁམས་རིག་སྟོབས་སྟེགས་བུ་མ་ལག ཕྱོགས་བསྡུས་ལས་སྒོ་ཞབས་ཞུ་མ་ལག་བཅས་མ་ལག་སྒྲོམ་གཞི་ཆེན་པོ་གསུམ་ལྟར། གཞི་གྲངས་ཆེན་པོ་དང་དངོས་ཟོག་དྲ་རྒྱ། མིས་བཟོས་རིག་ནུས་སོགས་སྐབས་གསར་བའི་ཆ་འཕྲིན་ལག་རྩལ་བྱེད་ཐབས་སྤྱོད་པ་བརྒྱུད་དེ། ད་ཡོད་ཀྱི་རིགས་མི་འདྲ་བའི་གཞི་གྲངས་ཐོན་ཁུངས་སྣ་ཚོགས་མཉམ་བསྲེས་དང་ལྟ་ཞིབ་མ་ལག་སྦྲེལ་མཐུད་བྱས་པ་དང་། དོ་སྲུང་མི་སྣའི་ཉིན་རྒྱུན་སྐོར་ཞིབ་སྲུང་སྐྱོབ་ཀྱི་འགུལ་རྣམ་གཞི་གྲངས་མཉམ་བསྲེས་བྱས་ལ། གཞི་གྲངས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་པ་དང་། ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་ཁོངས་ཀྱི་ཕན་མཐོ་འཁོར་རྒྱུག་རྐྱེན་སྲོལ་བཙུགས་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཆི་ལེན་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་རིག་གནས། སྐྱེ་ཁམས་ཚན་རིག་ཞིབ་འཇུག་བཅས་མཐོ་གནས་གསུམ་གྱི་འཛུགས་སྐྲུན་ལ་འདེགས་སྐྱོར་བྱས།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།