མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འགན་སྲུང་དྲུག་དམ་འཛིན་བྱེད་པ་དང་གཏན་འཇགས་དྲུག་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ཁྱོན་ཡོངས་ནས་ལག་བསྟར་ནན་མོ་བྱེད་པ་དང་། དཔལ་འབྱོར་གཞི་རྩ་ཇེ་བརྟན་དུ་གཏོང་བ། དམངས་ཚིས་ཚད་མཐའ་བརྟན་སྲུང་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་དེ་ཞིང་ཆེན་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་མཉམ་ལས་རྐྱེན་སྲོལ་གྱི་ཁོངས་གཏོགས་སྡེ་ཁག་བཅུ་དགུ་དང་མཉམ་དུ། སྔ་གཞུག་ཏུ་ཐེངས་གཉིས་ལ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ལས་ཐོན་སླར་གསོ་དང་སྲིད་ཇུས་ལག་བསྟར། ལས་གཞིའི་གྲ་སྒྲིག  ལག་བསྟར་བྱེད་ཚད་སོགས་གནས་ཚུལ་ཐད་ནས་ཡུལ་དངོས་ལྟ་སྐུལ་མཛུབ་ཁྲིད་སྤེལ་བ་དང་། མཉམ་ལས་གཞོགས་འདེགས་དང་མཉམ་འཛིན་མཉམ་སྡོམ་གྱི་རྣམ་པ་གསར་བ་གྲུབ་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་ཐད་ནས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞིའི་མཉམ་ལས་རྐྱེན་སྲོལ་དོ་དམ་བྱེད་ཐབས་ལྟར་འགན་འཁྲི་བགོ་བཤའ་བྱས་པ་དང་། གཞོགས་འདེགས་དམ་ཟབ་དང་མཉམ་གྲོས་མཉམ་སྡོམ་བྱས་ལ། ལས་གཞིའི་ཞིབ་བཤེར་གཏན་འབེབས་དང་ཡིག་ཐོག་སྙན་ཞུ།  མ་དངུལ་སྟེར་བ། ལྟ་སྐུལ་དོ་དམ་སོགས་བྱ་བར་ཤུགས་བསྣན། དེ་དང་མཉམ་དུ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས་ཤུགས་བཏོན་པ་དང་། མཉམ་ལས་རྐྱེན་སྲོལ་གྱི་ཁོངས་གཏོགས་སྡེ་ཁག་གིས་ད་དུང2020ལོའི་ཐེངས་དང་པོའི་གཅིག་བསྡུས་གྲོས་མོལ་གྲོས་ཚོགས་བསྡུས་ལ། ལྟ་སྐུལ་མཛུབ་ཁྲིད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། དཀའ་གནད་ལ་དབྱེ་ཞིབ་བྱས་ལ། ཁ་གཏད་རང་བཞིན་ལྡན་པའི་འབྲེལ་ཡོད་བྱེད་ཐབས་གཏན་འབེབས་བྱས་པ་མ་ཟད། ངོས་ཟིན་ཇེ་མཐོར་གཏོང་བ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་སོགས་ཕྱོགས་ནས་རེ་བ་ནན་མོ་བཏོན་པ་དང་། སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་སྔ་མོ་ནས་འཛུགས་སྐྲུན་བྱེད་པ་དང་སྔ་མོ་ནས་ཡོངས་འགྲུབ་བྱེད་པར་ཤུགས་བསྣན་ལ། མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་ཞབས་ཞུ་འཛུགས་སྐྲུན་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པར་བྱས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།