ལིས་ཅེ་ཞང་གིས་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྔོན་གྱི་འབྲུ་སྣུམ་ཞོར་ཟས་ཚོང་རའི་མཁོ་འདོན་ལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དགུ་པའི་ཚེས་སུམ་ཅུའི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་སྣུམ་བྱེ་ཞོར་ཟས་ཚོང་རའི་མཁོ་འདོན་འགན་སྲུང་བྱ་བར་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འབྲུ་སྣུམ་ཞོར་ཟས་སོགས་ཀྱི་ཉར་གསོག་འདང་བ་དང་མཁོ་འདོན་ཕུན་སུམ་ཚོགས་པ། རིན་གོང་གཏན་འཇགས་ཡིན་པར་འགན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྤྲོ་སྐྱིད་ཞི་འཇགས་ཀྱི་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་ཞིག་ལ་རོལ་ཐུབ་པར་བྱེད་དགོས་ཟེར།

ཟི་ལིང་གྲོང་ཁྱེར་ནན་ཀོན་འབྲུ་མཛོད་དུ། ལིས་ཅེ་ཞང་གིས་འབྲུ་སྣུམ་དངོས་ཟོག་ཉར་གསོག་གནས་ཚུལ་ལ་ཞིབ་ལྟ་བྱས་པ་དང་། འབྲུ་མཛོད་འཁོར་རྒྱུག་དོ་དམ་གྱི་གནས་བབ་དང་གནས་པའི་དཀའ་གནད་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་གཏན་ཁེལ་ལྟར། འབྲུ་སྣུམ་ཉར་གསོག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འབྲུ་སྣུམ་དངོས་ཟོག་ཉར་གསོག་བྱ་བ་བཟང་བོར་བསྒྲུབ་ནས། འབྲུ་རིགས་ཉར་གསོག་འདང་བར་འགན་སྲུང་བྱེད་པ་དང་། རིགས་སྣ་ཕུན་སུམ་ཚོགས་པ། སྤུས་ཚད་ལ་འགན་སྲུང་བྱེད་པ། མཁོ་འདོན་གོ་རིམ་ལྡན་པར་བྱེད་དགོས་ཟེར།

བཞི་མདོ་སྣ་འཛོམས་ཚོང་ཁང་དུ། ལིས་ཅེ་ཞང་གིས་འབྲུ་སྣུམ་ཞོར་ཟས་དང་སྔོ་ཚལ་སིལ་ཏོག་ཉོ་ཚོང་མཁོ་འདོན་གནས་ཚུལ་ཞིབ་ལྟ་བྱས་པར་མ་ཟད། འགྲུལ་བ་རྣམས་དང་གླེང་མོལ་བྱས། ཁོས་བསྟན་དོན། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ལ་རྐང་འཛུགས་པ་དང་། ཐོན་སྐྱེད་དང་འཁོར་རྒྱུག ཉོ་ཚོང་སོགས་ཕྱོགས་ལ་དམིགས་ནས། ཚོང་རའི་འགྱུར་ལྡོག་དང་བསྟུན་པ་དང་ཚོང་རའི་མཁོ་འདོན་ལ་རྒྱུས་ལོན་གསལ་བོ་བྱེད་པ། མཁོ་འདོན་འདང་བར་འགན་སྲུང་བྱེད་པ། སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་ཚལ་སླེ་དང་འབྲུ་ཁུག་གི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།