མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་བཅོས་བསྒྱུར་ཟབ་སྤེལ་སྐུལ་འདེད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་བཅོས་བསྒྱུར་ཟབ་སྤེལ་སྐུལ་འདེད་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་སྲིད་ཁྲིམས་ལས་ཁུངས་ཀྱི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་སྐུལ་འདེད་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་བཀོད་སྒྲིག་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཡན་པའེ་ཡིས་མཚོ་ནུབ་ཁུལ་གྱི་ཡན་ལག་ཚོགས་རར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མིན་ཀའོ་ཡིས་འགོ་འཛིན་བྱས། 

ཚོགས་འདུས་ཏང་ཨུ་དང་། ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྲིད་ཁྲིམས་ལས་ཁུངས་སོ་སོའི་མགོ་ཁྲིད་ཀྱི་ལྟ་སྐུལ་སྒྲིག་སྲོལ་འཐུས་ཚང་དང་། སྲིད་ཁྲིམས་སྡེ་ཁག་གི་ནང་རྐྱེན་ལྟ་སྐུལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛིན་འགན་དབང་སྡེབ་སྒྲིག་དང་ཁྲིམས་འཛིན་ལྟ་སྐུལ་གྱི་རྣམ་པ་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་ལྟ་སྐུལ་དང་ཤེས་ནུས་ལྟ་སྐུལ། སྡེབ་སྒྲིག་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། གསར་གཏོད་དང་ཁྲིམས་མཐུན། ཚོད་འཛིན་དང་ལྟ་སྐུལ། གོ་རིམ་དང་མཇུག་འབྲས་བཅས་གཅིག་གྱུར་བྱས་ནས། ཁྲིམས་ལུགས་ལག་བསྟར་ནང་རྐྱེན་ལྟ་སྐུལ་མ་ལག་གོང་འོག་མཐུད་སྦྲེལ་དང་། ཕྱི་ནང་ཟུང་འབྲེལ་དང་མ་ལག་འཐུས་ཚང་། ཚད་ལྡན་ནུས་མཐོ་མངོན་འགྱུར་བྱུང་བར་སྐུལ་འདེད་བྱས་ཏེ། ཁྲིམས་ལུགས་ལག་བསྟར་གྱི་ཁྲིམས་འཛིན་ཡིད་རྟོན་ནུས་ཤུགས་མཐོ་རུ་གཏོང་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།