མཚོ་སྔོན་གྱི་ཕྱེ་ཐུག་པ་བརྒྱར་ཉེ་བའི་ལག་རྩལ་འགྲན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་དྲུག་པའི་ལས་བཟོ་བའི་ལག་རྩལ་འགྲན་བསྡུར་དང་ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་ཕྱེ་ཐུག་ལས་རིགས་ཀྱི་ལས་བཟོ་བའི་ལག་རྩལ་འགྲན་བསྡུར་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་སྤེལ།

ཐེངས་འདིའི་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་དྲུག་པའི་ལས་བཟོ་བའི་ལག་རྩལ་འགྲན་བསྡུར་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་། མཚོ་ཤར་གྲོང་ཁྱེར་སྤྱིའི་བཟོ་ཚོགས། མཚོ་ཤར་གྲོང་ཁྱེར་ས་གནས་ཟོང་རྟགས་ཐོན་ལས་གསོ་སྤེལ་སྐུལ་སྤེལ་ཅུའུ། དཔའ་ལུང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ6གི་འཐུས་ཚབ་རུ་ཁག25ཡི་འགྲན་ཞུགས་པ98འགྲན་བསྡུར་ཁྲོད་ཞུགས། 

འགྲན་བསྡུར་ལ་གཞུང་ལུགས་རྒྱུགས་ལེན་དང་ལག་ལེན་དངོས་ཀྱི་འགྲན་བསྡུར་གཉིས་སུ་བགོས་ཡོད་ཅིང་། དེའི་ཁྲོད་ལག་ལེན་དངོས་ཀྱི་འགྲན་བསྡུར་ལ་ཕྱེ་བསྣོ་བ་དང་། ཁུ་བ་སྐོལ་བ། ཕྱེ་ཐུག་དང་། ཕྱེ་ཐུག་གསར་གཏོད་བཅས་རིམ་པ་གསུམ་དུ་དབྱེ་ཡོད། མཐའ་མར་ཨང་དང་པོ་ནས་གསུམ་པ། ཕུལ་བྱུང་བྱ་དགའ། འགྲན་ཞུགས་བྱ་དགའ་བཅས་བདམས་ཐོན་བྱུང་བ་དང་། ཕུལ་བྱུང་འགྲན་ཞུགས་པར་མཚོ་སྔོན་ཞིང་ཆེན་རྣམ་གྲངས་རྐྱང་བའི་ལག་རྩལ་བྱ་དགའ་དང་ཕུལ་བྱུང་འགྲན་ཞུགས་པའི་མཚན་སྙན་གནང་།

ཐེངས་འདིའི་འགྲན་བསྡུར་ནི་མཚོ་སྔོན་གྱི་ཕྱེ་ཐུག་ལས་རིགས་ཀྱིས་ཏན་ཏིག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བས་བཏོན་པའི་ཞིང་སྡེ་དར་རྒྱས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དམིགས་བསལ་གཅིག་དང་མཐོ་བ་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དང་། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བའི་བྱེ་བྲག་གི་བྱེད་ཐབས་ལེགས་པོར་སྒྲུབ་ནས། མཚོ་སྔོན་གྱི་ཕྱེ་ཐུག་ཐོན་ལས་ལ་འགྲན་བསྡུར་གྱི་སྟེགས་བུ་ཞིག་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ཕྱེ་ཐུག་ལག་རྩལ་དང་འཚོ་བཅུད། ཚོང་གཉེར་དང་དོ་དམ། ལས་བསྣོ་དང་ཚད་ལྡན། དེ་མིན་ཆེད་ལས་དང་ཀུན་སྤྱོད་བཅས་ལ་ཞིབ་བཤེར་ཐེངས་ཤིག་བྱས་པ་ཡིན་ཞིང་། སྔར་ལས་ལྷག་པའི་སྒོ་ནས་ཕྱེ་ཐུག་ཐོན་ལས་འཕེལ་རྒྱས་ཀྱི་མི་འདང་ས་ཁ་གསབ་དང་། རྨང་གཞི་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བྱས་པའང་ཡིན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།