ནུས་ཁུངས་གཙང་མ་དང་ནུས་གསོག་ལག་རྩལ་ཞིབ་འཇུག་གླེང་སྟེགས་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས29ཉིན། “རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་ཀྱི་ཡན་ལག་གླེང་སྟེགས་ནུས་ཁུངས་གཙང་མ་དང་ནུས་གསོག་ལག་རྩལ་ཞིབ་འཇུག་གླེང་སྟེགས་ཟི་ལིང་དུ་ཚོགས་པ་རེད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་ཉིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཝུའུ་ཞིག་ཀྲང་གླེང་སྟེགས་ལ་ཞུགས།

གླེང་སྟེགས་སྟེང་། ཀྲུང་གོ་ཚན་རིག་ཁང་དངོས་ལུགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་ན་གཞོན་ཚན་རིག་ཐེབས་རྩ་ཐོབ་མཁན་ལི་ཧོང་དང་། ཀྲུང་ཀོན་གྲོང་ཚོའི་ནུས་གསོག་ཐོན་ལས་ལག་རྩལ་མནའ་འབྲེལ་གྱི་སྲོལ་འབྱེད་མཁན་དང་རྒྱུན་ལས་ལས་འཛིན་གཞོན་པ་ཡུས་ཀྲིན་ཧྭ། ཉིང་ཏི་དུས་རབས་ཀྱི་ནུས་རྒྱུ་གསར་པའི་ཚན་རྩལ་མ་རྐང་ཀུང་སིའི་སྲོལ་འབྱེད་མཁན་དང་ཏུང་ཧྲི་ཀྲང་གཞོན་པ། དབུ་བཞུགས་འཐབ་ཇུས་དཔོན་ཧོང་ཧྲི་ལིན། ཉི་འོད་གློག་ཁུངས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཚའོ་རེན་ཞིན། རྒྱལ་ཁབ་གློག་ཤུགས་མ་འཇོག་སྡེ་ཚོགས་འོད་ཤུགས་ཐོན་ལས་གསར་གཏོད་ལྟེ་གནས་ཀྱི་སྤྱི་གཉེར་བ་གཞོན་པ་ཕེང་ཞིའུ་ལན་སོགས་བསྐྱར་སྐྱེས་ནུས་རྒྱུའི་ཁྱབ་ཁོངས་དང་། གློག་ཤུགས་ཁྱབ་ཁོངས། དེ་བཞིན་ནུས་གསོག་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་ཆེད་མཁས་པ་དང་། རིག་གནས་པ། དེ་བཞིན་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ། ཁེ་ལས་ཀྱི་འཐུས་མི་བཅུ་ཡིས་སོ་སོར《གཞི་ཁྱོན་ཆེ་བའི་ནུས་གསོག་ལག་རྩལ་འཕེལ་རྒྱས་དང་ཐོན་ལས་ཅན》དང་། 《ནུས་ཁུངས་གཙང་མ་དང་ནུས་གསོག་རྣམ་གྲངས་འཛུགས་སྐྲུན། སྲིད་ཇུས་ལག་བསྟར་བཅས་ཀྱི་གནས་ཚུལ་མཉམ་སྤྱོད་དང་འཕེལ་རྒྱས་གྲོས་གཞི།》《ལིས་གློག་ནུས་གསོག་ལག་རྩལ་ཡར་ཐོན་གྱིས་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།》《2020ལོ་ནས2030ལོའི་རང་རྒྱལ་གྱི་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་རྣམ་པ་སྔོན་དཔག》《ནུས་གསོག་ནུས་ཁུངས་ཁྱབ་ཁོངས་ཀྱི་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད། 《འཕྲུལ་ཆས་ནུས་གསོག་ལག་རྩལ་གསར་དུ་ཞིབ་འཇུག་བྱེད་པའི་འཕེལ་རིམ》སོགས་བརྗོད་གཞི་བྱས་ཏེ། མཚོ་སྔོན་གྱི་སླར་སྐྱེས་ནུས་ཁུངས་དྲ་སྦྲེལ་གཞི་ཁྱོན་ཅན་གྱི་ནུས་གསོག་བེད་སྤྱོད་འཕེལ་རྒྱས་གཏོང་བའི་གནད་དོན་ཞིབ་ཕྲ་ལ་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་ནུས་ཁུངས་གཙང་མ་དང་ནུས་གསོག་ལག་རྩལ་ཞིབ་འཇུག་ཐད་ལ་བློ་འདོན་ཇུས་འབུལ་བྱས། 

གླེང་སྟེགས་སྟེང་། ད་དུང《ནུས་ཁུངས་གཙང་མ་དང་ནུས་གསོག་སྲིད་ཇུས་ཀྱི་འཕེལ་ཕྱོགས་དང་ཁྲོམ་རའི་འཕེལ་ཕྱོགས།》 《ནུས་ཁུངས་གཙང་མ་དང་ནུས་གསོག་ལག་རྩལ་གྱི་ལམ་ཕྱོགསདང་དེ་བཞིན་ཚོང་ལས་ཀྱི་རྣམ་པ》བཅས་བརྗོད་དོན་གཙོ་བོར་བྱས་པའི་གླེང་མོལ་གླེང་སྟེགས་བསྡུས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།