མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འབྲོག་པའི་སྐོར་སྲུང་རུ་ཁག་སྐོར་དང་པོ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་འབྲོག་པ་དོ་དམ་སྲུང་སྐྱོང་བ23དང་མཉམ་དུ་དོ་དམ་གྱི་གྲོས་མཐུན་བཞག་པ་དང་འབྲེལ། འབྲོག་པའི་སྐོར་སྲུང་རུ་ཁག་སྐོར་དང་པོ་བཙུགས་པ་རེད།

ཐེངས་འདིའི་བཙུགས་པའི་འབྲོག་པའི་སྐོར་སྲུང་རུ་ཁག3གྱི་ནང་ཞུགས་པའི་འབྲོག་པ23གྱི་ཁྲོད་བུད་མེད3ཡོད་ལ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཞབས་ཞུ་ལྟེ་གནས་ཀྱི“UNDP—GEFཡིས་མཚོ་སྔོན་པོ་དང་མདོ་ལ་རིང་མོའི་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོང་ས་ཆའི་མ་ལག་རྣམ་གྲངས”ཀྱི་མ་དངུལ་བཏང་ནས། སྐོར་སྲུང་རུ་ཁག་ལ་སྐོར་སྲུང་གྱོན་ཆས་དང་ཉི་འགོག་ཞྭ་མོ། སྐོར་སྲུང་རྒྱབ་ཁུག་སོགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཕུའུ་ཧྲི་དགོ་བ་དང་ཁྲུང་ཁྲུང་སྐེ་ནག་སོགས་འཛམ་གླིང་སྟེང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཡག་པོ་བྱེད་ཆེད། 2020ལོར་རྣམ་གྲངས་ནང་ཞུགས་ནས་རང་བྱུང་རྩྭ་ར་ཉམས་གསོའི་བྱེད་སྒོ་དང་ཕུའུ་ཧྲི་དགོ་བའི་བྱེད་སྒོའི་ས་ཁོངས་སུ་ཆུ་འདྲེན་ཁྲོན་པ་བརྐོ་བའི་བྱེད་སྒོ་དོན་འཁྱོལ་བྱས་པས། རྣམ་གྲངས་ཁུལ་གྱི་སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན་དང་སྲོག་ཆགས་རིགས་འཚོ་སྡོད་ཁུལ་སྲུང་སྐྱོབ་ལས་དོན་ལ་རྨང་གཞི་ཡག་པོ་བཏིང་།

སྐོར་སྲུང་རུ་ཁག་བཙུགས་པའི་དམིགས་ཡུལ་ནི་མཚོ་སྔོན་པོ་དང་མདོ་ལ་རིང་མོའི་མཛེས་ལྗོངས་ཁུལ་གྱི་གསའ་དང་ཕུའུ་ཧྲི་དགོ་བ་སོགས་སྲོག་ཆགས་གཙོ་བོ་སྲུང་སྐྱོབ་བྱེད་ཆེད་ཡིན་ལ། འཛམ་གླིང་ཡོངས་སུ་དོན་སྙིང་ལྡན་པའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་སར་སྲུང་སྐྱོབ་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་དང་། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་དངོས་རིགས་དང་མཛེས་ལྗོངས་སྲུང་སྐྱོང་བྱེད་པར་དཔེ་སྟོན་དང་དཔྱད་གཞི་འདོན་སྤྲོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།