མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བསྡུ་ལེན་ཚོགས་འདུ་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན་ནས་ཚེས27ཉིན་བར། རྒྱལ་ཁབ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་གཞི་རྩའི་དོ་མཉམ་ངང་འཕེལ་རྒྱས་གཏོང་བར་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། ཚེས27ཉིན་གྱི་སྔ་དྲོར། ཟི་ལིང་དུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་བསམ་འཆར་བསྡུ་ལེན་ཚོགས་འདུ་ཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་གཞོན་པ་ཞིན་ཁྲང་ཞིང་། སློབ་གསོ་པུའུ་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ། སྤྱི་ཁྱབ་ལྟ་སྐུལ་བ་ཀྲིན་ཧྥུའུ་ཀྲི་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གཏམ་བཤད་གནང་། རྒྱལ་ཁབ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་དང་། སྤྱི་ཁྱབ་ལྟ་སྐུལ་རིག་པའི་བློ་འདོན་པ་ཝང་ཀྲན་གྱིས་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ཚབ་བྱས་ནས་བསམ་ཚུལ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས་ཡོད།

ཝང་ཀྲན་གྱིས་བསམ་འཆར་བསྡུ་ལེན་ཁྲོད་བསྟན་དོན། ཐེངས་འདིའི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་བླང་བྱ་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལ་གཞིགས་ནས་མཚོ་སྔོན་ཞིང་ཆེན་གྱི་སྙན་ཞུའི་ཡིག་ཆར་ཞིབ་བཤེར་ནན་མོ་བྱས་རྗེས་སྤེལ་བ་ཞིག་རེད། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚན་ཆུང་གིས་ངོས་འཛིན་བྱས་དོན། མཚོ་སྔོན་ཞིང་ཆེན་གྱི་རྫོང་ཚང་མ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དཔྱད་དཔོག་ངོས་འཛིན་གྱི་ཚད་གཞིར་སླེབས་ཡོད་པ་དང་། ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་འབྲས་སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་ལ་སྙན་སེང་ཞུས་ནས། ངོས་འཛིན་ཁྱབ་བསྒྲགས་བྱེད་པར་སྤྲོད་དགོས་པར་ངོས་འཛིན་གནང་།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བསམ་འཆར་བསྡུ་ལེན་ལ་ལན་བསྐྱོན། ཁོང་གིས་བསྟན་དོན། ཐེངས་འདིའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ནི་མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བར་ཕྱོགས་བསྡུས་རང་བཞིན་གྱི་བརྟག་དཔྱད་བྱས་པ་ཞིག་ཡིན་ཞིང་། ལྟ་སྐུལ་མཛུབ་ཁྲིད་བསམ་འཆར་གྱིས་མིག་སྔར་གྱི་བྱ་བར་དོ་དམ་དང་། མ་འོངས་པའི་ཕུགས་འདུན་ལ་ཕན་པ་ཆེ་བ་ཞིག་རེད། ང་ཚོས་ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གོ་སྐབས་སུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་རྒྱུ་ནི་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ཧེ་བག་ལ་ལྟ་སྟངས་ཡང་དག་བཟུང་ནས་གནད་དོན་དང་ལས་འགན། འགན་འཁྲི། དུས་བཀག་བཅས་ཀྱི་རེ་བདུན་བཞི་མགྱོགས་མྱུར་གྱིས་བཅོས་སྒྲིག་བྱེད་པར་དམ་འཛིན་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་སློབ་གསོ་པུའུ་ཡི་རྒྱབ་སྐྱོར་འོག་དགེ་རྒན་གྱི་དཔུང་ཁག་དང་ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་པའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་ཇུས་འགོད་ཡག་པོ་བྱེད་པ་དང་། གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་དྲང་གཞག་དམ་འཛིན་དང་སྤུས་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། ས་ཁོངས་དང་གྲོང་ཁྱེར། ཞིང་སྡེའི་ཧེ་བག་སྔར་བས་ཆུང་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྤུས་ལེགས་དང་དྲང་གཞག་གི་འོས་འགན་སློབ་གསོའི་དགོས་མཁོ་གསར་པ་ཟམ་མི་ཆད་པར་སྐོང་དགོས་པར་བརྗོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།