མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་སྲོལ་དག་གཙང་དང་དཔེ་སྟོན་བཟང་བོའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས་25ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་འགན་སྒྲུབ་བྱས་པའི་ཁྱིམ་སྲོལ་དག་གཙང་དང་དཔེ་སྟོན་བཟང་བོ་ཞེས་པའི་བྱ་འགུལ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྙན་ཞུ་ཚོམས་ཆེན་དུ་སྤེལ་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་84ཡི་ཏང་ཡོན་ལས་བྱེད་པ་600ལྷག་བྱ་འགུལ་ལ་ཞུགས། 

བྱ་འགུལ་དེ་རོལ་དབྱངས་སྙན་ངག་དང་རི་མོའི་བརྗོད་དོན་ཡིན་པའི་སྙན་ངག་གྱེར་འདོན་ཁྲོད་འགོ་བརྩམས་པ་དང་། དེ་ཁྱིམ་སྲོལ་དག་གཙང་བྱེད་པར་ཁྱེད་དང་འུ་གཉིས་མཉམ་དུ་བསྐྱོད། ཁྱིམ་སྲོལ་དག་གཙང་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན་། དག་གཙང་རྣམ་དག་བཅས་ཚན་པ་གསུམ་གྱིས་གྲུབ་ཅིང་། རིག་གནས་དག་གཙང་གསར་སྐྲུན་མཚམས་སྦྱོར་བྱེད་པ་བརྒྱུད་དེ། ཏང་ཡོན་ལས་བྱེད་པའི་དཔེ་མཚོན་གཏམ་གླེང་དང་། ཁྱིམ་སྲོལ་གཏམ་རྒྱུད་ཞིབ་བརྗོད། བརྙན་རིས་གཏོང་བ་སོགས་ཀྱི་གོ་རིམ་བརྒྱུད་དེ། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། རང་འགུལ་གྱིས་ཁྱིམ་སྲོལ་འཛུགས་སྐྲུན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་སྐྲུན་ཁྲོད་འདྲེས་སུ་བཅུག་ནས། ཏང་སྲོལ་དང་དམངས་སྲོལ་ལེགས་བཅོས་ལ་ཕན་འབྲས་ཐོབ་པར་རོགས་འདེགས་བྱས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།