ཟི་ལིང་གྲོང་ཁྱེར་གྱིས་རྒྱུད་གཅིག་ལམ་གཅིག་བརྗོད་དོན་ཡིན་པའི་ཡིག་ཚང་འགྲེམ་སྟོན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས25ཉིན། རྒྱུད་གཅིག་ལམ་གཅིག་བརྗོད་དོན་ཡིན་པའི་ཡིག་ཚང་འགྲེམ་སྟོན་དང་གྲོང་མིའི་ལྟེ་གནས་དཔེ་ཁང་གི་སྒོ་བྱང་འགལ་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་གྲོང་མི་ལྟེ་གནས་ཀྱི་ཅི་ཧུ་དཔེ་ཁང་དུ་སྤེལ་ཞིང་། ཙོང་ཆུའི་རིག་གནས་རྒྱུན་འཛིན་གསར་གཏོད་ཀྱིས་མཚོ་སྔོན་རྨ་ཆུའི་རིག་གནས་དར་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཙོང་ཆུའི་རིག་གནས་ཀྱི་ཁྱད་ཆོས་མངོན།

ཤེས་གསལ་བྱུང་བ་ལྟར་ན། རྒྱུད་གཅིག་ལམ་གཅིག་བརྗོད་དོན་ཡིན་པའི་རིག་གནས་ཡིག་ཚང་འགྲེམ་སྟོན་ལ་ཙོང་ཆུའི་རིག་གནས་ལོ་རྒྱུས་ཆེད་མཁས་པའི་སྟེགས་བུ་དང་། མཛེས་སྡུག་གི་ཧོང་ཀྲུང་། སྟོང་སྐོར་གྱི་སྟེགས་བུ། རི་གླུའི་ཕ་ཡུལ་ཏ་ཐུང་སྟེགས་བུ་བཅས་ཙོང་ཆུའི་རིག་ཚང1500ལྷག་གིས་གྲུབ་ཅིང་། ཙོང་ཁ་ས་ཁུལ་གྱི་རང་བྱུང་དང་མི་ཆོས་མཛེས་ལྗོངས་ཟིན་ཐོར་བཀོད་ཅིང་། ཙོང་ཁའི་ཡུལ་སྲོལ་གོམས་གཤིས་མངོན་པར་མཚོན་ཡོད། གྲོང་མི་ལྟེ་གནས་ཀྱི་ཉི་འོད་དཔེ་ཁང་ནི་2019ལོར་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྐུལ་འདེད་དང་། གྲོང་ཁྱེར་རིག་གནས་གནས་སྐོར་ཅུའུ་ཡིས་དངུལ་གཏོང་བྱས་པའི་དཔེ་ཁང་ཞིག་ཡིན་ཞིང་། སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་རྣམ་པས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་ཡོད། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།