མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གཙགས་དྲུབ་འགྲན་བསྡུར་ཆེན་མོ་མཇུག་སྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས27ཉིན། ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གཙགས་དྲུབ་འགྲན་བསྡུར་ཆེན་མོ་ཞིན་ཉིན་ཐང་ཆེན་དུ་མཇུག་སྒྲིལ།

ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་གཙགས་དྲུབ་པ800གནའ་མཁར་ཟི་ལིང་དུ་འཛོམས་ཏེ། ཁབ་སྐུད་རེ་རེས་རབ་མཛེས་མཚོ་སྔོན་གྱི་སང་ཉིན་ཐགས་སུ་བྲིས། 

དམིགས་བསལ་གཅིག་དང་མཐོ་བ་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་རོགས་འདེགས་དང་། མཚོ་སྔོན་གྱི་གཙགས་དྲུབ་ཐོན་ལས་ཀྱི་གསར་གཏོད་རང་བཞིན་བསྒྱུར་བཅོས་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད། ཞིང་ཆེན་གསར་སྐྲུན་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རིག་གནས་ཀྱི་སྲོག་རྩ་རྒྱུན་འཛིན་དང་། མཛེས་སྡུག་འཚོ་བ་བརྗོད་དོན་ཡིན་པའི་ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གཙགས་དྲུབ་འགྲན་བསྡུར་ཆེན་མོ་སྤེལ། གཙགས་དྲུབ་པ་རྣམས་ཀྱིས་ཉིན་གཅིག་གི་བཟོ་རྩལ་འགྲན་བསྡུར་བརྒྱུད། བྱ་དགའ་ཨང་དང་པོ་7དང་ཨང་གཉིས་པ13། ཨང་གསུམ་པ19། གསར་སྐྲུན་བྱ་དགའ5། གསར་གཏོད་བྱ་དགའ5། ཕུལ་བྱུང་བྱ་དགའ་25། དེ་མིན་ཕུལ་བྱུང་རྩ་འཛུགས་བྱ་དགའ20། གྲས་ཐོན་བྱ་དགའ20བཅས་བདམས།

ཐེངས་འདིའི་བྱ་འགུལ་གྱིས་རིག་གནས་སྲོག་རྩ་རྒྱུན་འཛིན་དང་མཛེས་སྡུག་འཚོ་བ་བརྗོད་དོན་དུ་བཟུང་ནས། རྒྱུན་འཛིན་དང་འཕེལ་རྒྱས་ལེགས་པོས་མཚོ་སྔོན་གཙགས་དྲུབ་ཀྱི་ཀྲུང་ཧྭ་མི་རིགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་མི་རིགས་མཐུན་སྒྲིལ་དང་། གཟུགས་འདས་ཤུལ་བཞག་རྒྱུན་འཛིན། ཞིང་སྡེ་དར་རྒྱས་དང་འདྲེས་སུ་བཅུག་ནས། མཚོ་སྔོན་གྱི་གཙགས་དྲུབ་ཀྱི་གསར་གཏོད་རང་བཞིན་བསྒྱུར་བཅོས་དང་འཕེལ་རྒྱས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་གྲངས་ཁྲི30ཡི་གཙགས་དྲུབ་པ་ཚོས་རིག་གནས་རྒྱུན་འཛིན་དང་སེམས་ཁོང་གི་རེ་སྨོན་ཐགས་སུ་བྲིས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་ནས། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་ཡར་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་པར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།