མཚོ་མཚེའུ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་ཁྱོན་ཡོངས་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གྲལ་བཤེར་ཆེན་པོའི་བཅོས་སྒྲིག་ཆེན་མོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའ་ལ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཉེན་ཟོན་སློབ་གསོའི་ཚོགས་ཆེན་དང་མུ་རི་གཏེར་ཁུལ། དེ་བཞིན་མདོ་ལ་རིང་མོའི་ལྷོ་ཕྱོགས་མཚོ་སྔོན་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་བའི་ཇུས་གཞིའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་མགྱོགས་མྱུར་གྱིས་བྱ་འགུལ་སྤེལ་ནས། ཁྱོན་ཡོངས་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱས་པ་རེད།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱེད་དགོས། 《མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གྲལ་བཤེར་དང་བཅོས་སྒྲིག་ཆེན་པོའི་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བརྡ་ཐོ》བཟོས་ནས་པར་འགྲེམས་བྱས་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ་སོགས་ཀྱི་རྨང་གཞིའི་ཐོག མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་དང་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་ཕྱོགས་ཡོངས་ནས་རྩད་ཞིབ་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་མཚོ་སྐོར་གཙོ་གནད་ས་ཁོངས་རིགས་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མངོན་མེད་རྐྱེན་ངན་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་དང་བཅོས་སྒྲིག་བྱས་ཏེ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། མིག་སྔའི་བར་ཁྲིམས་འཛིན་མི་སྣའི་མི་གྲངས500ལྷག་ཙམ་མངགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མངོན་མེད་རྐྱེན་ངན་གྱི་གནད་དོན12ཤེས་རྟོགས་དང་བཅོས་སྒྲིག་བྱས་པ་རེད།

མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྟེ་བར་འཛིན་པ་དང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གཙོ་གནད་དུ་བཟུང་ནས་གྲལ་བཤེར་བྱས་ཏེ་གང་བྱུང་དུ་སྔོག་འདོན་དང་། བྱེ་མ་དང་གཏེར་ཁ་སྔོག་འདོན། སྐྱེ་ཁམས་བར་མཐོངས་གཙོ་བོ་བཙན་བཟུང་སོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ལ། མིག་སྔའི་བར་རིམ་རྩིས་བྱས་ན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ13000ལྷག་ཙམ་ལ་གྲལ་བཤེར་བྱས་པ་དང་། ཆུ་བྱ་འཚོ་གནས་ཁུལ24དང་ཕུའུ་ཧྲི་དགོ་བ་ལྟ་ཞིབ་ཚད་ལེན་ཁུལ15།  སྔོ་ཤུན་ལྟ་ཞིབ་ཚད་ལེན་ཁུལ28བཅས་ལ་གྲལ་བཤེར་བྱས་པས། གྲལག་བཤེར་བྱ་བ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།