སྐར་མ་ལྔའི་སེམས་འགུལ་ཐེབས་པའི་མྱུར་སྐྱོར།

བདེ་སྐྱིད་ལྡན་པའི་ཟི་ལིང་གྲོང་ཁྱེར་འདིར། ཉིན་རྒྱུན་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་སྣ་ཚོགས་ཡོད། གཏམ་རྒྱུད་ཆེ་ཆུང་གང་ཡིན་རུང་མི་སེམས་འགུལ་བ་ཞིག་ཡིན།

དེ་དག་གིས་མི་རྣམས་ལ་སྟོབས་ཤུགས་སྩོལ་ཐུབ། ཟླ9བའི་ཚེས23ཉིན། ཟི་ལིང་ཁུ་ནུ་ཟམ་པའི་ལྷོ་བྱང་བརྒལ་མཚམས་སུ། ཛ་དྲག་ཆེ་ཞིང་སེམས་འགུལ་ཐེབས་པའི་རོགས་སྐྱོབ་གཏམ་རྒྱུད་ཅིག་བྱུང་།

ཟླ9བའི་ཚེས23ཉིན་གྱི་ཕྱི་དྲོའི་ཆུ་ཚོད5སྟེང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་བའི་མི་དམངས་ཉེན་རྟོག་པ་ཝང་ཅིན་ཡུས་དང་ལིས་ཆི་ཡོན་གཉིས་ཀྱིས་ལས་སྒྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་ཉེན་བརྡ་འབྱོར་བ་སྟེ། ལས་ཡུལ་ག་གེ་མོ་ཞིག་གི་ལས་བཟོ་བ་ཧོང་ཞའོ་ཁྲུན་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ནས་རྐང་པ་གཡོན་པའི་རུས་པ་བཅག་པ་དང་། གནས་ཚུལ་ཚབས་ཆེན་ཡིན་པས་འཕྲལ་མར་སྨན་ཁང་དུ་བསྐྱལ་དགོས་ཟེར།

སྐབས་དེར་ལས་ཚོགས་གྲོལ་བའི་སྒང་ཡིན་པས། མྱུར་སྐྱོབ་བྱེད་པའི་དུས་ཚོད་བརྩོན་ལེན་བྱ་ཆེད། ལམ་བར་དུ་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པས་རྒྱུན་མི་ཆད་པར་འབོད་བརྡ་གཏོང་ཆས་བཀོལ་ནས་ལམ་རྒྱུད་ཀྱི་རླངས་འཁོར་ལ་ལམ་འབྱེད་དུ་བཅུག དུས་རྒྱུན་སྐར་མ20ལྷག་གིས་ད་གཟོད་ཐོན་པའི་ཡུལ་ལ། འགྲིམ་འགྲུལ་ཉེན་རྟོག་པས་རོགས་རམ་འོག སྐར་མ5ནང་སྨན་ཁང་དུ་འབྱོར།

དུས་ཐོག་ཏུ་སྲོག་སྐྱོབ་སྨན་བཅོས་བྱས་པས། ཧོང་ཞའོ་ཁྲུན་གྱི་རྨས་ཕོག་པའི་རྐང་བ་གཡོན་པ་སྲུང་སྐྱོབ་ཐུབ་ཡོད་ཅིང་། གཤགས་བཅོས་བྱས་རྗེས་ནད་གསོ་ཡག་པོ་བྱས་ན་སླར་གསོ་བྱེད་ཐུབ་པ་རེད།

སྐྱོབ་བཅོས་བྱས་རྗེས་ཀྱི་ཧོང་ཞའོ་ཁྲུན་གྱིས་བཤད་རྒྱུར“ང་ནི་ཡུལ་གཞན་གྱི་མི་ཞིག་ཡིན། ཚོར་བ་ཞིག་ལ་ཟི་ལིང་ནི་དྲོ་སྐྱིད་ལྡན་པའི་གྲོང་ཁྱེར་ཞིག་དང་། གྲོང་ཁྱེར་འདིའི་མི་ལ་བརྩེ་སེམས་ཀྱིས་ཁེངས་འདུག་ཟེར། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།