ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོགས་འདུ་ཐེངས64པ་འཚོགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་མཱ་ཝའེ་ཡིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཀྲུའུ་རིན་གཞོན་པ་ཀའོ་ཧྭ། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་ཚོགས་འདུར་ཞུགས།
ཚོགས་འདུས་རིམ་པ་བཞིན་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་གྲོང་རྡལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་འཆར་ཟིན་བཟོ་བཅོས་དང་། རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་སྙན་སེང་ཞིབ་བཤེར་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན། སྤྱི་བའི་ཡིད་རྟོན་བརྡ་འཕྲིན་སྲོལ་ཡིག་འཆར་ཟིན། བྱི་རིམས་འགོག་བཅོས་ཚོད་འཛིན་སྲོལ་ཡིག་འཆར་ཟིན། ཆོས་ལུགས་ལས་དོན་སྲོལ་ཡིག་གི་འཆར་ཟིན། དུག་འགོག་སྲོལ་ཡིག་འཆར་ཟིན། རྒྱལ་དབང་ས་ཁོངས་ཀྱི་ཁང་བའི་བསྡུ་ལེན་དང་ཁ་གསབ་སྲོལ་ཡིག་འཆར་ཟིན་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་སྲོལ་ཡིག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གཤིས་འབག་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་སྐོར་གྱི་གནས་ཚུལ་དང་། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་འཐུས་མིའི་བསམ་འཆར་སྐྱོན་བརྗོད་དང་བསམ་འཆར་གནས་ཚུལ་ལྟ་ཞིབ་ལས་སྒྲུབ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འཐུས་མིའི་ལས་སྒྲུབ་ཀྱི་གནས་ཚུལ་དང་། འཐུས་མི་སྐོར་ཞིག་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུ། དེ་མིན་མི་དོན་གྲོས་གཞི་སོགས་ཀྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རིན་ཚོགས་འདུས་གོང་གི་གྲོས་གཞི་དེ་དག་རྗེས་མའི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་ཡིད་འཐད་བྱུང་། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོགས་འདུ་བསྡུས།