མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱེད་སྟངས་ལྔ་ཡིས་ཟི་ལིང་གྲོང་ཁྱེར་གསར་སྐྲུན་བྱེད་པར་རོགས་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་དཔལ་ཡོན་གྲོང་ཁྱེར་དུ་གསར་སྐྲུན་བྱེད་པའི་གྲུབ་འབྲས་དང་ཆུ་ཚད་མཐོར་འདེགས་དང་སྲ་བརྟན་དུ་གཏོང་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱ་བའི་ཁྲོད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་ཆེད། བསྟུད་མར་ཉིན་འགའི་རིང་། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་སོ་སོ་དང་རྒྱ་ཆེའི་ལས་བྱེད་པས་གྲོང་ཁྱེར་གྱི་བདག་པོའི་རྣམ་འགྱུར་གྱིས་དངོས་ཡོད་ལ་རྐང་བཙུགས་ཏེ་བྱེད་སྟངས་ལྔ་འབུར་ཐོན་དམ་འཛིན་བྱས།  

གཞུང་སྒྲུབ་དང་འཚོ་བའི་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་སྤེལ། ཁོར་ཡུག་འཕྲོད་བསྟེན་དང་སྒོ་མདུན་གྱི་འགན་ཁུར་དྲུག་དོན་འཁྱོལ་བྱས་ཤིང་། དུས་ཐོག་ཏུ་བརྡ་ཁྱབ་དང་གང་འདོད་དུ་འབྲི་བ།  གང་འདོད་དུ་གློག་སྐུད་འཐེན་པ་སོགས་ཀྱི་གནད་དོན་ལེགས་བཅོས་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་སྒྲིག་ཆས་རྙིང་བ་གསར་བསྒྱུར་བྱས་ཤིང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱ་བ་སྤེལ། ལས་རིགས་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་ལ་ཤུགས་བསྣོན་དང་། ལས་སྒྲུབ་ཀྱི་གོ་རིམ་དམ་འཛིན། གུས་ལུགས་ལྡན་པའི་སྐད་ཆ་དང་དཔལ་ཡོན་ཞབས་ཞུའི་ཐད་ཤུགས་བསྣན་ནས། མཉམ་འདུག་མཉམ་སྐྲུན་བྱ་འགུལ་སྤེལ་བ་དང་།ལས་རིགས་དཔེ་སྟོན་དང་། མང་ཚོགས་བར་འབྲེས་འདྲིས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་ཤུགས་དང་ཆུ་ཚད་མཐོ་རུ་བཏང་། དཔལ་ཡོན་འགྲིམ་འགྲུལ་དང་བླངས་ཞབས་ཞུའི་བྱ་བ་སྤེལ་བ་དང་། དཔལ་ཡོན་སྒོས་ཕྱིར་འགྲོ་བར་སློབ་གསོ་དང་སྣེ་ཁྲིད་བྱེད་པ་དང་། དང་བླངས་པ་རྩ་འཛུགས་བྱས་ཏེ་སྲང་ལམ་དང་གྲོང་ཁྱེར་གྱི་སྲང་ལམ་གཙོ་ཤོས་སུ་དཔལ་ཡོན་སྣེ་ཁྲིད་དང་། སྤྱི་ཕན་དྲིལ་སྒྲོག་སོགས་ཀྱི་དང་བླངས་ཞབས་ཞུ་སྤེལ། གྲོན་ཆུང་དང་བཟའ་བཏུང་ཆུད་ཟོས་སུ་གཏོང་བར་འགོག་རྒོལ་བྱེད་པའི་ལག་ལེན་བྱ་འགུལ་སྤེལ་ཏེ། འབྲེལ་ཡོད་སྒྲིག་ཁྲིམས་འཐུས་ཚང་དུ་བཏང་ནས། གྲོན་ཆུང་གི་འདུ་ཤེས་མི་སེམས་སུ་ཟུག་པར་བྱས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།