མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་གཟེངས་བསྟོད་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་གཟེངས་བསྟོད་གྲོས་ཚོགས་ཟི་ལིང་ནས་ཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྐབས་བཞི་བའི་མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་བྱ་དགའ་ཐོབ་པའི་རྩ་འཛུགས་ལ་གཟེངས་བསྟོད་བྱས་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤུས་ཚད་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་བྱས་པར་སྐུལ་སློང་བྱས་པ་དང་། ལས་རིགས་སོ་སོས་སྤུས་ཚད་དོ་དམ་ལ་སྔར་ལས་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་ལས་ཁུངས་ལ་རྟེན་འབྲེལ་ཞུས་པ་དང་། སྤུས་ཚད་འཐབ་ཕྱོགས་སྟེང་བྱ་བར་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཚོར་འཚམས་འདྲི་ཞུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་ཆུ་ཚད་སྤྱི་ཁོག་ནས་གཏན་འཇགས་ཡིན་པ་དང་། སྤུས་ཚད་བྱ་བའི་རྐྱེན་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་བཏང་ལ། སྤུས་ཚད་ལྟ་སྐུལ་དོ་དམ་ཐད་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། སྤུས་ཚད་རྨང་གཞི་ཇེ་བརྟན་དུ་བཏང་ལ། སྤུས་ཚད་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་བྱ་བ་ནི་སྐྱེ་ཁམས་གཙོར་འཛིན་པའི་རྒྱུན་འཁྱོངས་བྱེད་པའི་བྲེལ་མྱུར་དགོས་མཁོ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་བྱེད་ཐབས། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་འགན་སྲུང་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་དུས་རབས་གསར་བའི་སྤུས་ཚད་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་བཟོ་སྐྲུན་དེ་ཀྲུང་གོའི་གསར་སྐྲུན་དུ་བསྒྱུར་བ་དང་། ཀྲུང་གོའི་མྱུར་ཚད་དེ་ཀྲུང་གོའི་སྤུས་ཚད་དུ་བསྒྱུར་བ། ཀྲུང་གོའི་ཐོན་རྫས་དེ་ཀྲུང་གོའི་ཚོང་རྟགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་སོགས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། སྤུས་ཚད་བྱ་བ་དམ་འཛིན་བྱེད་རྒྱུ་དེ་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དུ་བརྩི་བ། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཤུགས་འདོན་པ་དང་ཁག་ཁུར་འབད་འཐབ་བྱེད་པ། སྤུས་ཚད་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་བྱ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཁོ་འདོན་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་བ་དང་རྒྱུན་མ་ཆད་པར་རིམ་སྤོར་བྱེད་པའི་ཚོང་རའི་དགོས་མཁོ་ལ་དམིགས་པ། ཁོར་ཡུག་དང་ཐོན་རྫས། བཟོ་སྐྲུན་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། སྐབས་བསྟུན་གཉིས་དང་སྤྱི་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་དྲ་རྒྱ་དང་ལྟ་སྐུལ་དོ་དམ་ལག་བསྟར་གཏིང་ཟབ་བྱེད་པ། སྤུས་ཚད་ཡིད་རྟོན་རིགས་བགར་ལྟ་སྐུལ་དོ་དམ་བྱས་ཏེ། ལྟ་སྐུལ་དོ་དམ་ཁྲིམས་འཛིན་ནན་མོ་བྱེད་དགོས། སྤུས་ཚད་བྱ་བའི་རྨང་གཞི་བརྟན་པོ་འདིང་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཙོར་བྱས་པའི་ཚད་གཞི་མ་ལག་འཐུས་ཚང་དུ་གཏོང་བ། ཞིབ་བཤེར་ལྟ་ཞིབ་ནུས་པ་མཐོར་འདེགས་བཏང་ནས། སྤུས་ཚད་བྱ་བའི་ཐད་ཀྱི་ཤེས་ལྡན་མི་སྣའི་བཟོ་སྐྲུན་ལག་བསྟར་བྱེད་དགོས། སྤུས་ཚད་སྤྱི་ཚོགས་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་དང་། གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཁེ་ལས་པའི་སྙིང་སྟོབས་དང་བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ། མི་ཡོངས་དང་གོ་རིམ་ཧྲིལ་བོ། ཕྱོགས་ཡོངས་ཀྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་པ། ཕུལ་བྱུང་སྤུས་ཚད་དོ་དམ་དཔེ་མཚོན་དྲིལ་སྒྲོག་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་འཕེལ་རྒྱས་ཀྱི་ཡར་ཐོན་གསར་བ་དང་གྲུབ་འབྲས་གསར་བས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཁྱོན་ཡོངས་ནས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་པར་སྐུལ་འདེད་གཏོང་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་སྤུས་ཚད་བྱ་དགའ་སྐོར་གྱི་བྱ་དགའ་སྟེར་བའི་ཐག་གཅོད་སྒྲོག་འདོན་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀའོ་ཧྭ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།