ཀྲུང་དབྱང་གི་ཐེངས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོད་ལྡན་པའི་དམངས་སྲིད་ལམ་བུ་འཚོལ་ཞིབ་བྱེད་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས22ཉིན། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཞའོ་པིན་འཁོར་དང་བཅས་པ་མཚོ་སྔོན་དུ་ཡོང་ནས་དམངས་སྲིད་བྱ་བར་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཀྲུང་དབྱང་གི་ཐེངས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། ཞིང་ཆེན་གྱི་གནས་ཚུལ་དང་དམངས་སྲིད་བྱ་བའི་དོན་དངོས་དང་ཟུང་འབྲེལ་སྒོས། ཧུར་ཐག་གིས་དམངས་སྲིད་ལས་དོན་བཅོས་བསྒྱུར་གསར་གཏོད་ལ་སྐུལ་འདེད་དང་། དམངས་སྲིད་ལས་དོན་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དམངས་སྲིད་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱེད་དགོས། རྟོག་ཞིབ་ཀྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་ལས་དོན་འཕེལ་རྒྱས་ཐད་བཞུགས་མོལ་བརྗེ་རེས་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་རྟོག་ཞིབ་ལ་འགྲོ་རོགས་བྱས། 

ཀའོ་ཞའོ་པིན་འཁོར་དང་བཅས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་སྤྱི་ཚོགས་ཕན་བདེ་ལྟེ་གནས་དང་ཟུར་གསུམ་གླིང་གྲོང་རྡལ་གཞིས་ཁུལ་དུ་སོང་ནས། དབུལ་ཐར་མཁྲེགས་གཏོར་དང་རྒན་གསོ་ཞབས་ཞུ། སྤྱི་ཚོགས་བཅོས་སྐྱོང་། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་སོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། རྒན་གསོ་སྡེ་ཁག་དང་རྒན་གསོ་ཁང་གི་རྒན་རྒོན་དང་བརྗེ་རེས་བྱས་པ་མ་ཟད། དམངས་སྲིད་འགན་སྲུང་གི་ཡིག་ཚགས་ཐོ་འགོད་བྱས་པའི་དབུལ་ཕོངས་དུད་ཁྱིམ་ལ་སྐོར་བརྒྱབ་པ་དང་། གཞི་རིམ་གྱིས་དམངས་སྲིད་བྱ་བ་སྐུལ་འདེད་གཏོང་བའི་ཐད་ཀྱི་བསམ་འཆར་ལ་ཉན། 

བཞུགས་མོལ་ཚོགས་འདུའི་སྟེང་། ཀའོ་ཞའོ་པིན་གྱིས་མཚོ་སྔོན་དམངས་སྲིད་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁྱོན་ཡོངས་ནས་ཀྲུང་དབྱང་གི་ཐེངས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་། སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།