མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུག་བྱ་བའི་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུག་བྱ་བའི་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་ཚོགས། གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུག་བྱ་བའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། རྗེས་མའི་གཙོ་གནད་བྱ་བ་བཀོོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཡུས་ཚུང་ལིས་ནན་གྱིས་བསྟན་དོན། ཡིག་བསྐུར་ངོ་གཏུག་བྱ་བ་ནི་ཏང་ཨུ་དང་སྲིད་གཞུང་གི་དམངས་ཀྱི་འདོད་བློ་དང་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། ཏང་དང་སྲིད་གཞུང་དང་མང་ཚོགས་དམ་ཟབ་ཏུ་གཏོང་བའི་འབྲེལ་ཟམ་ལྟ་བུ་ཡིན་པས། སྤྱི་ཚོགས་གཏན་འཇགས་ཡོང་བའི་མགོ་ཁུངས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་བ་ཞིག་ཡིན། རིམ་པ་སོ་སོའི་ཡིག་བསྐུར་ངོ་གཏུག་ལས་བྱེད་པས་རང་འགུལ་སྒོས་འགན་འཁྲི་ཕྲག་ཏུ་བླངས་ཏེ། མང་ཚོགས་ཀྱི་ལུགས་མཐུན་རེ་བ་ཐག་གཅོད་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ། དེ་མིན་བློ་དཀར་གཞུང་དྲང་གིས་ཏང་ཀྲུང་དབྱང་གི་སེམས་ཁྲལ་སེལ་བ་དང་། མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བསྟན། 

ཝང་ཀྲིན་ཧྲིན་གྱིས་ས་ཁུལ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱེད་སྟངས་གཉིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བླང་བྱ་སྟེང་གཅིག་གྱུར་བྱས་ཏེ། ཡིག་བསྐུར་ངོ་གཏུག་བྱ་བའི་མི་འདང་ས་དང་། གནད་དོན་ལ་དམིགས་ནས། ལེགས་བཅོས་དོན་འཁྱོལ་བྱ་བར་དམ་འཛིན་དང་། ཏན་ཏིག་གིས་ཡིག་བསྐུར་ངོ་གཏུག་བྱ་བའི་ཐད་གནས་པའི་གནད་དོན་དང་དཀའ་ཁག་ཐག་བཅད་ནས། ཡིག་བསྐུར་ངོ་གཏུག་བྱ་བ་དང་མང་ཚོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། ཏང་གིས་དུས་ཡུན་རིང་བོར་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།