ལིས་ཅའེ་ཞང་གིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས22ཉིན་ནས་ཚེས23ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅའེ་ཞང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་མུ་རིའི་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་གནང་བ་དང་། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་མཐར་ཕྱིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་ནས། མཐོ་སྒང་གི་ས་མཐོའི་ཁུལ་གྱི་གཏེར་ཁུལ་སླར་གསོའི་མིག་དཔེ་རུ་གསར་སྐྲུན་བྱེད་དགོས་ཞེས་བསྟན། 

ལིས་ཅའེ་ཞང་མུ་རིའི་གཏེར་ཁུལ་སྤྱང་ཚང་གཏེར་ཁུལ་གྱི་གཏེར་ཁྲོན་གཉིས་པ་དང་། བཞི་བ། ལྔ་བ། དེ་མིན་ཅུའུ་ཧུའུ་ཀིན་གཏེར་ཁུལ་གྱི་གཏེར་ཁྲོན་ལྔ་བ་དང་བརྒྱད་པ། དགུ་བ། ཏའོ་སའོ་ཀོང་མ་གཏེར་ཁུལ་གྱི་གཏེར་ཁྲོན་གཉིས་པ་སོགས་སུ་སོང་ནས་རྟོག་ཞིབ་མཛུབ་སྟོན་བྱས་ཤིང་། རྡོ་ཟེགས་ཀྱི་ཕུང་བོ་བཅོས་སྐྱོང་དང་། གཏེར་ཁུང་ཕྱིར་བསུབ་པ། ཁོར་ཡུག་ལེགས་བཅོས་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་བཀོད་འདོམས་པུའུ་ཡི་བྱ་བའི་ཡར་ཞུར་ཉན་པ་དང་། འབུར་ཐོན་གྱི་གནད་དོན་ཐག་གཅོད་ལ་ཞིབ་འཇུག་དང་བྱ་བའི་བླང་བྱ་བཏོན།  

ལིས་ཅའེ་ཞང་གིས་ནན་གྱིས་བསྟན་དོན། ཚན་རིག་ལྟར་མུ་རིའི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལེགས་བཅོས་ལ་སྐུལ་འདེད་བྱེད་པ་ནི། ཆབ་སྲིད་ཀྱི་འགན་འཁྲི་དང་ཚན་རིག་ལྟར་སྙོམས་སྒྲིག་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡུལ་དངོས་བཀོད་འདོམས་མ་ལག་འཐུས་ཚང་དུ་བཏང་ནས། ས་མཚམས་དང་ས་ཁོངས་འགོ་གཙོའི་ལམ་ལུགས་ལག་བསྟར་དང་། བྱ་བ་གཟབ་ནན་གྱིས་སྒྲུབ་ཏེ་བཟོ་སྐྲུན་བདེ་འཇགས་དང་བཟོ་སྐྲུན་སྤུས་ཚད་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག ཚན་རིག་ལྟར་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། གཏེར་ཁུལ་སྔོ་ལྗང་ཅན་དུ་གཏོང་བར་རྨང་གཞིའི་ཆ་རྐྱེན་འཇོག་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།