ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གསུམ་ཡོངས་བསྒྲགས་བྱས།

སྒྲིག་ཁྲིམས་ནན་མོར་གཏོང་བ་དང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་སྐབས་ཀྱི་སྤྱོད་ངན་བཞི་ཕྱིར་ཟློག་པར་འགོག་སྲུང་བྱེད་པ། ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་དང་སྤྱོད་ངན་བཞི་དག་ཐེར་བྱེད་པའི་འབྲས་བུ་སྲ་བརྟན་དུ་བཏང་ནས། སྤྱོད་སྟངས་ལེགས་བཅོས་ལ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། གྲོན་ཆུང་དང་དག་གཙང་གིས་དུས་ཆེན་རོལ་བའི་རྣམ་པ་གསར་སྐྲུན་བྱ་ཆེད། རེིམ་པ་སོ་སོའི་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་ཀྱིས་རྩད་ཆོད་པའི་ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གསུམ་ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར།

མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ལས་གཞི་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ཟུར་པ། ཞིང་ཆེན་ཕྱུགས་ལས་བཟོ་སྐྲུན་ལས་གཞི་བློ་འདྲི་ལྟེ་གནས་ཀྱི་འགན་ཁུར་བ་ཟུར་པ་ཏོན་ཡན་མིན་གྱིས་ལས་བཟོ་བར་དཔྱད་ཞིབ་གྲོན་དངུལ་བྱིན་པ་སོགས་ཀྱི་གནད་དོན། 2017ལོ་ནས་2019ལོའི་བར། ཏོན་ཡན་མིན་གྱིས་བློ་འདྲི་ལྟེ་གནས་ཀྱི་གཞུང་སྒྲུབ་པ་སྐོར་ཞིག་ལ་སྒྲིག་འགལ་ངང་དཔྱད་ཞིབ་གྲོན་དངུལ་དང་། བློ་འདྲི་གྲོན་དངུལ་སོགས་ཁྱོན་བསྡོམས་སྒོར་ཁྲི195.898བྱིན་པ་དང་། དེའི་ཁྲོད་ཁོས་སྒོར་19.626བླངས། ཏོན་ཡན་མིན་ལ་ད་དུང་་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གཞན་པའང་ཡོད། 2020ལོའི་ཟླ6པར། ཏོན་ཡན་མིན་ལ་ཏང་ནང་གི་ལྟ་རྟོག་ལོ་གཅིག་དང་། སྲིད་དོན་གོ་གནས་ཕྱིར་འཐེན་གྱི་ཐག་གཅོད་བྱས་པ་དང་། སྒྲིག་འགལ་ངང་མ་དངུལ་བླངས་པ་ཚང་མ་ཕྱིར་སྤྲད་པ་མ་ཟད་ལས་འཁྱུར་ངལ་གསོ་བྱ་རྒྱུར་བརྡ་ཐོ་བཏང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧྥན་ཡུང་ཕིན་གྱིས་སྒྲིག་འགལ་ངང་སྣུམ་བསྣོན་བྱང་བུ་སོགས་བྱིན་པའི་གནད་དོན། 2012ལོའི་ཟླ12པ་ནས་2016ལོའི་ཟླ5བར། ཧྥན་ཡུང་ཕིན་གྱིས་ཁྲི་ཀ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་སྐབས། ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ཏེ་སྤྱི་བའི་འགྲོ་གྲོན་སྤྱད་དེ་རིན་གོང་སྒོར་ཁྲི0.5ཅན་གྱི་སྣུམ་བསྣོན་བྱང་བུ་བཞི་ལས་སྒྲུབ་བྱས་ཏེ་ལེགས་སྐྱེས་སུ་ཕུལ། ཧྥན་ཡུང་ཕིན་ལ་ད་དུང་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གཞན་པ་ཡོད། 2020ལོའི་ཟླ8པར། ཧྥན་ཡུང་ཕིན་ལ་ཏང་ནང་ནས་ཕྱིར་ཕུད་པ་དང་། གཞུང་དོན་ལས་གནས་ནས་ཕྱིར་ཕུད་པའི་ཐག་བཅད་ཅིང་། ནག་ཉེས་གནད་དོན་ཞིབ་དཔྱོད་ལས་ཁུངས་སུ་སྤྲད་དེ་ཁྲིམས་ལྟར་ཞུ་གཏུགས་བྱས། སྒྲིག་འགལ་ངང་བྱིན་པའི་བྱང་བུ་དག་གི་མ་དངུལ་ཕྱིར་བླངས།

ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སློབ་འབྲིང་གསུམ་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ། སློབ་གཙོ་ཞའེ་ཞའོ་ལིན་གྱིས་མཛོད་ཁང་ཆུང་བ་གཉེར་བ་དང་། སྒྲིག་འགལ་ངང་ཁ་གསབ་བྱིན་པ་སོགས་ཀྱི་གནད་དོན། 2016ལོའི་ཟླ9བ་ནས2019ལོའི་ཟླ6པའི་བར། ཏ་ཐུང་རྫོང་སློབ་འབྲིང་གསུམ་པས་དགོང་ཚོགས་ཀྱི་རང་སྦྱོང་འགྲོ་གྲོན་དང་། སློབ་ཁྲིད་ཁ་གསབ་འགྲོ་གྲོན་སོགས་ཁྱོན་བསྡོམས་སྒོར་ཁྲི451.49བླངས་པ་དང་། དེའི་ཁྲོད་སྒོར་ཁྲི438.12དགེ་རྒན་གྱི་སློབ་ཁྲིད་ཁ་གསབ་དང་། ལས་རེས། རྒྱུགས་ལེན་ལྟ་ཞིབ་སོགས་ཀྱི་ཁ་གསབ་དང་བྱ་འགུལ་གྱི་འགྲོ་གྲོན་སོགས་ཀྱི་ཐད་བཀོལ། 2020ལོའི་ཟླ7པར། ཞའེ་ཞའོ་ལིན་ལ་ཏང་ནང་ཁུལ་གྱི་ཉེན་བརྡ་གཏོང་བའི་ཐག་གཅོད་དང་། སློབ་གཙོའི་ལས་འགན་མེད་པར་བཟོ་བའི་ཐག་བཅད། 

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་ཐོན་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཉིན་རྒྱུན་གྱི་ལྟ་སྐུལ་དམ་འཛིན་དང་། ཏང་ཡོན་ལས་བྱེད་པས་གཟབ་ནན་སྒོས་དོ་དམ་དང་ལྟ་སྐུལ་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་འདུ་ཤེས་བཞི་འཛུགས་པ་དང་། སྤྱོན་ངན་བཞིའི་སྣེ་ཁྲིད་ལ་ངོ་རྒོལ་བྱས་ཏེ། འགོ་ཁྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གོང་གི་དཔེ་མཚོན་གྱི་དོན་དག་ཁྲོད་སློབ་གསོ་བསྡུ་ལེན་དང་། དུས་ཆེན་སྐབས་ཀྱི་ལེགས་སྐྱེས་གཏན་འགོག་བྱས་ཏེ། སྒྲིག་ཁྲིམས་ནན་སྲུང་བྱེད་དགོས། 

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། 

2020ལོའི་ཟླ9བའི་ཚེས25ཉིན།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།