མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་སློང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྐུལ་སློང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཚོགས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་དབྱང་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ཉམས་མྱོང་བརྗེ་རེས་ཡུལ་དངོས་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་མ་ཟད། ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་སྤྱི་སྡོམ་དང་། སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་མཛིན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།

ཚོགས་འདིའི་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རོས་ཧྥིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་བྱ་བའི་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་སི་ཡི་སི་ཀྲང་གཞོན་པ་ལིས་ཀྲུང་ཞེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐུན་མོང་དཔེ་སྟོན་དང་དཔེ་སྟོན་མི་སྒེར་ལ་གཟེངས་བསྟོད་བྱས་པའི་སྐོར་གྱི་གཏན་ཁེལ་དང་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་དང་ཁུལ་དུ་བདམས་པའི་གཏན་ཁེལ་བཅས་སྒྲོག་འདོན་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐུན་མོང་དཔེ་སྟོན་ཁུལ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པའི་སྐོར་གྱི་གཏན་ཁེལ་སྒྲོག་འདོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གཏན་ཁེལ་སྒྲོག་འདོན་བྱས་ཤིང་། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞོ་དང་ཝང་ཡུས་ཡན། ཝང་ལིས་མིན། ཝང་ཀྲིན་ཧྲིན། ཀྲང་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་བླངས་པའི་གྲུབ་འབྲས་འབུར་ཐོན་ལ་ཁས་ལེན་གང་ལེགས་གནང་བ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་རྟེན་འབྲེལ་ཞུས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་བྱས་རྗེས་བཞག་པའི་ལས་རིགས་སོ་སོའི་མི་སྣར་གུས་འདུད་ཞུས། ཁོས་བསྟན་དོན། མི་རིགས་ཀྱི་བྱ་བ་ནི་ཏང་གི་བྱ་བ་གལ་ཆེན་ཡིན་པས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བའི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད། ན་ནིང་གི་ཟླ9པའི་ཚེས27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོན་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་རིགས་སོ་སོས་མཉམ་དུ་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་དང་མཛེས་སྡུག་གི་མ་འོངས་པ་འཛུགས་སྐྲུན་བྱེད་པའི་འཆར་གཞི་བཏོན་པ་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་གནད་ཅན་གྱི་ཚད་ལྡན་ཡིག་ཆ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གནང་བའི་གསུང་བཤད་ཀྱིས། ང་ཚོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་རེ་བ་གསལ་བོ་བཏོན་ཡོད། མཚོ་སྔོན་ནི་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོའི་ཁྲོད་ཀྱི་གཅིག་ཡིན་པ་དང་། མི་རིགས་མང་པོ་འདུས་སྡོད་ནི་གཞི་རྩའི་གནས་ཚུལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་བརྗོད་བྱ་གཙོ་བོ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ། བརྗོད་བྱ་གཙོ་བོར་དམིགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ཡག་པོར་སྒྲུབ་པ་དང་།  དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་ལེགས་པོར་བསྒྲུབས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས་འཚོ་བ་བཟང་བོ་རོལ་ཐུབ་པར་བྱེད་དགོས་པར་བསྟན།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཐབས་ལམ་གསར་བའི་འགོ་རྩོམ་པ་དང་། མི་རིགས་ཀྱི་བྱ་བར་དོ་སྣང་དང་ཞིབ་འཇུག་བྱེད་པ། མི་རིགས་ཀྱི་བྱ་བས་མཚོ་སྔོན་གྱི་སྤྱི་ཡོངས་བྱ་བའི་ཁྲོད་ཀྱི་གོ་གནས་དང་ནུས་པ་ཇེ་དྲག་ཏུ་གཏོང་བ། མི་རིགས་ཀྱི་བྱ་བའི་ཁྲོད་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ། མི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭའི་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཐད་ཀྱི་ངོས་འཛིན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། མི་རིགས་སོ་སོས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོར་སོ་སྲུང་རོགས་རེས་དང་མཐུན་སྒྲིལ་འཆམ་མཐུན། མཉམ་དུ་འཕེལ་རྒྱས་གཏོང་བ། མི་རིགས་བྱ་བར་རྒྱུས་ལོན་གཏིང་ཟབ་བྱེད་པ། མི་རིགས་ཀྱི་བྱ་བར་རྒྱུན་འཁྱོངས་དགུ་གཙོ་གནད་དང་བགྲོད་ལམ་དུ་འཛིན་པ། མི་རིགས་ཀྱི་བྱ་བར་རྒྱུས་ལོན་བྱེད་པ་བཅས་བརྒྱུད་དེ་མི་རིགས་བྱ་བར་དགའ་ཞེན་དང་སྐུལ་འདེད་གཏོང་བ། ཆབ་སྲིད་དང་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་སྟེང་ཏང་གི་མི་རིགས་བྱ་བའི་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་མཚོ་སྔོན་དུ་ལག་བསྟར་གང་ལེགས་བྱེད་པ། མི་རིགས་སོ་སོས་མཐུན་སྒྲིལ་བྱེད་པའི་རྣམ་པ་གྲུབ་པར་བྱེད་པ། མི་རིགས་བྱ་བར་འཚོལ་ཞིབ་དང་གསར་གཏོད་བྱེད་པ་དང་རེ་བ་སྔར་ལས་མཐོན་པོ་བཟུང་སྟེ་རང་འགུལ་གྱི་འབད་བརྩོན་བྱེད་པ། མཚོ་སྔོན་མི་རིགས་ཀྱི་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་པའི་རྨང་གཞི་བརྟན་པོ་འདིང་པ། འཚོལ་ཞིབ་ཐད་བྱེད་ཐབས་ཡོད་པ་དང་གསར་གཏོད་ཐད་འབད་བརྩོན་བྱེད་པ། འཛུགས་སྐྲུན་གྱི་ཐད་གྲུབ་འབྲས་ལེན་པ། ཡང་བསྐྱར་བཀོལ་སྤྱོད་དང་ཁྱབ་གདལ་དུ་བཏང་ཆོག་པའི་མཚོ་སྔོན་གྱི་ཉམས་མྱོང་བསྐྲུན་པ་བཅས་ཀྱིས། རྒྱལ་ཡོངས་ལ་བྱས་རྗེས་འཇོག་དགོས། མི་རིགས་བྱ་བར་ཤུགས་སྣོན་པ་དང་མཐོར་འདེགས་གཏོང་བ་དང་། མི་རིགས་བྱ་བའི་རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆར་རྒྱུས་ལོན་གསལ་བོ་བྱེད་པ། ཆབ་སྲིད་སྟེང་བརྟན་བརླིང་ཡོད་པ། བློ་བརྟན་འགྱུར་མེད་ཀྱིས་གཞི་རིམ་དམ་འཛིན་བྱེད་པར་རྨང་གཞི་བརྟན་པོ་འདིང་པ། ཏང་གི་དར་ཆ་ནམ་ཡང་མི་རིགས་བྱ་བའི་འཐབ་ཕྱོགས་སོ་སོ་རུ་མཐོན་པོར་བསྒྲེང་བ། བྱ་བའི་སྟེང་བདེན་འཚོལ་དངོས་གཉེར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་འབྲི་དགོས་པར་བསྟན།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་མྱུར་དུ་བརྒྱུད་སྒྲོག་བྱེད་པ་དང་། ཀྲུང་དབྱང་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཟུང་འབྲེལ་གྱིས། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་ནས། བསམ་བློ་དང་འགུལ་སྐྱོད་གཉིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་བྱེད་དགོས། དྲ་རྒྱའི་སྨྱན་སྦྱོར་སྟེགས་བུ་དང་རྒྱང་སྒྲོག བརྙན་འཕྲིན་སོགས་སྨྱན་སྦྱོར་བཀོལ་སྤྱོད་བཟང་བོ་བྱས་ནས། གྲོས་ཚོགས་ཀྱི་དགོངས་དོན་གཙོ་བོ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་དྲིལ་སྒྲོག་དང་། སྔོན་ཐོན་དཔེ་སྟོན་འཛུགས་པ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་ཆེར་བསྐྱེད་དེ། སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་འཛུགས་སྐྲུན་བྱ་བའི་ཁྲོད་ཞུགས་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས། གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། གནས་ཚུལ་དངོས་ལ་རྐང་འཛུགས་པ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱི་ཁོག་གི་དམིགས་འབེན་དང་ལས་འགན་གཙོ་བོ། གཙོ་གནད་བྱ་བར་ཤན་སྦྱོར་བ། རང་ས་ཁུལ་དང་རང་སྡེ་ཁག་གི་འཛུགས་སྐྲུན་བྱ་བའི་བྱེད་ཐབས་བཟང་བོ་ཞིབ་འཇུག་དང་གཏན་འབེབས་བྱེད་པ། ལས་འགན་ལག་བསྟར་བཟང་བོ་བྱེད་པ། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། བྱ་བར་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་པར་བསྟན། 

ཚོགས་འདུའི་སྟེང་། ཞིང་ཆེན་འགོ་ཁྲིད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྱི་མཚན་སྙན་ཐོབ་པའི་ཐུན་མོང་དང་དཔེ་སྟོན་མི་སྒེར་གྱི་འཐུས་ཚབ་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐུན་མོང་དཔེ་སྟོན་མཚན་སྙན་ཐོབ་པའི་འཐུས་ཚབ་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་མི་སྒེར་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ་བཅས་ལ་བྱ་དགའ་དང་གཟེངས་རྟགས་དཔང་ཡིག་གནང་བ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་འཐུས་ཚབ་མི་སྣ་གསུམ་གྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས། ཚོགས་འདུ་མ་འཚོགས་པའི་སྔོན་དུ། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། རྡོ་རྗེ་རབ་བརྟན་བཅས་ཞིང་ཆེན་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱི་འཐུས་ཚབ་པར་ཐུག་འཕྲད་གནང་བ་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་མཉམ་པར་བསྐྱོན།

ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་འབྲེལ་ཡོད་བློ་མཐུན། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།