མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པ་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་ཟི་ལིང་དུ་ཚོགས་ཤིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་དང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡོན། ཝུའུ་ཧའེ་ཁོན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཆེ་ཅ་དབྱིན་ཀྲུང་དང་། དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན54ཚང་མ་ཚོགས་འདུར་ཞུགས་ཡོད་པས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད། ཀྲང་ཀོང་རུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་སྟེང་། 《མཚོ་སྔོན་ཞིང་ཆེན་སྒོ་ཕྱུགས་དང་ཁྱིམ་བྱ་གསོད་པའི་དོ་དམ་སྲོལ་ཡིག(འཆར་ཟིན་གྱི་གྲོས་གཞིའི་མ་ཕྱི་ཐེངས་གཉིས་པ)》གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་(འཆར་ཟིན་)》སྐོར་གྱི་གསལ་བཤད། 《ཟི་ལིང་གྲོང་ཁྱེར་གྱི་སྐྱེད་ཚལ་ལྗང་སྒྱུར་སྲོལ་ཡིག་(དག་བཅོས་)》སྐོར་གྱི་གསལ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་དང་ཀྲུའུ་རེན་གཞོན་པ་ཀའོ་ཧྭ་ཡིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་སྐུལ་འདེད་བཅའ་ཁྲིམས》ཞིབ་བཤེར་དང་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བསྟར་ཞིབ་དཔྱོད་ཚན་ཆུང་གི་ཚན་གཙོ་དང་ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁོང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་འགོག་སྐོར་གྱི་བཅའ་ཁྲིམས་》དང་《མཚོ་སྔོན་ཞིང་ཆེན་སྲོག་ཆགས་རིམས་འགོག་སྲོལ་ཡིག་》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བསྟར་ཞིབ་དཔྱོད་ཚན་ཆུང་གི་ཚན་གཙོ་དང་ཀྲུའུ་རེན་གཞོན་པ་ལིག་ཐུང་ཏིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ནང་དུ་ཕྱིར་ལོག་པའི་མི་སྣའི་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་ལག་ལེན་མཐར་ཕྱིན་བསྟར་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་བསྟུན་དོ་དམ་ལས་དོན་དང་འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། 《2020ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་(འཆར་ཟིན་)》སྐོར་གྱི་སྙན་ཞུ། 2019ལོའི་ལོ་འཁོར་གྱི་རྒྱལ་དབང་ཁེ་ལས་ཀྱི་རྒྱུ་ནོར་(ས་གནས་ཀྱི་དངུལ་རྩའི་ཁེ་ལས་ཚུད་)དོ་དམ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་ཕུལ་བ་རེད།    

 ཚོགས་འདུའི་སྟེང་།《མཚོ་སྔོན་ཞིང་ཆེན་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། 《ཟི་ལིང་གྲོང་ཁྱེར་གྱི་སྐྱེད་ཚལ་ལྗང་སྒྱུར་དོ་དམ་སྲོལ་ཡིག་(དག་བཅོས་)》གི་ཞིབ་བཤེར་སྙན་ཞུ། 2020ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལེགས་སྒྲིག་འཆར་གཞིའི་(འཆར་ཟིན་)སྐོར་གྱི་ཞིབ་བཤེར་སྙན་ཞུ། 2019ལོའི་ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་པར་འགྲེམས་བྱས་པ་རེད།

ཧྲིན་ཀྲང་གཞོན་པ་ཀྲང་ལིས་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མིན་ཀའོ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བ་སོགས་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།